http://zw.xzqnb.cn/Content/weixinlogo.png
འཇིག་རྟེན་འདིའི་སྟེང་དུ་བརྩེ་བ་ཞེས་པ་ནི་སྒེར་སེམས་མེད་ལ་གཏིང
http://zw.xzqnb.cn/m/content/2025-02/14/001065.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཟའ་ཟླ་ལོ་གཞོན་གཉིས།

༄༅། །བུ་གཉིད་རྐྱལ།

༄༅། །ཕ་མའི་བྱམས་བརྩེ།

༄༅། །དུས་ཚོད།

等待处理…

༄༅། །ཕ་མའི་བྱམས་བརྩེ།

作者 ཚེ་རིང་དབྱངས་སྐྱིད།
2025年02月14日

འཇིག་རྟེན་འདིའི་སྟེང་དུ་བརྩེ་བ་ཞེས་པ་ནི་སྒེར་སེམས་མེད་ལ་གཏིང་ཟབ་པ་ཞིག་ཡིན། དེ་ནི་ང་ཚོའི་ཕ་མས་བཅངས་པའི་བརྩེ་བའོ། །ཁོང་ཚོ་ནི་ང་ཚོའི་ཚེ་སྲོག་ཁྲོད་ཀྱི་ཆེས་གལ་ཆེ་བའི་མི་ཡིན། ཁོང་ཚོའི་བརྩེ་བ་ནི་ང་ཚོ་ནར་སོན་པའི་མཐུན་རྐྱེན་གཙོ་བོ་གྱུར་ཡོད་མོད། བརྩེ་བ་འདི་ང་ཚོས་སྣང་མེད་དུ་འཇོག་ཉེན་ཆེ། ང་ཚོས་ཕ་མའི་བརྩེ་བ་ལ་གཅེས་སྤྲས་དང་བཀའ་དྲིན་ཞུ་རྒྱུ་ག་ལ་བརྗེད་སྲིད།

ཁོང་ཚོས་ང་ཚོའི་འཚར་ལོངས་ཀྱི་ཆེད་དུ་བློས་གཏོང་མང་པོ་ཞིག་གནང་ཡོད་རུང་ཕ་མས་དྲིན་ལན་ལ་རེ་ལྟོས་མི་བྱེད། ཁོང་ཚོས་ཆེ་འདོད་དང་གྲགས་འདོད་སྤངས་ཏེ་ང་ཚོའི་ཆེད་དུ་ངལ་དུབ་ལ་མི་འཛེམས་པ་དང་། ང་ཚོ་འཚར་ལོངས་ཡོང་བའི་ལམ་བུའི་ཐོག་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་ལྟ་རྟོག་དང་བྱམས་སྐྱོང་གནང་། ཁོང་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་ཞིང་སྐྱིད་པའི་ཁྱིམ་ཚང་ཞིག་བསྐྲུན།

ང་རང་ཆུང་དུས་ནས་ཕ་མའི་བྱམས་ཀྱིས་བསྐྱངས་ཤིང་། ད་ལྟ་ཡང་སྔར་མུས་བཞིན་བརྩེ་བ་ཡོད་ཚད་གནང་། ཡིན་ནའང་། ང་རང་ཉིན་རེ་ནས་ཉིན་རེ་འཚར་ལོངས་ཡོང་བ་དང་སྦྲགས། ཕ་མའི་དུང་ལྟར་དཀར་བའི་དབུ་སྐྲ་དང་ཞལ་རས་ངོས་ཀྱི་ཆུ་རིས་ལྟ་བུའི་གཉེར་མ་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་མཐོང་དུས། སེམས་ནས་སྨྲ་མི་ཤེས་པའི་སེམས་སྡུག་ཅིག་སྐྱེས། དེ་ནི་ང་ཡི་སེམས་ནང་དུ་གྲི་བཙུགས་པ་དང་ལུས་ལ་རྨ་བཟོས་པ་ལས་ཀྱང་བཟོད་དཀའ་བ་ཞིག་ཡིན། ནམ་རྒྱུན། ཞིམ་ཟས་ཡོད་ན་ཕ་མས་ཕྲུ་གུར་སྟེར་ངེས་ཤིང་། སྐྱིད་པའི་ཡུལ་དུས་ཡོད་ན་ཕྲུ་གུ་ལ་ལྷན་དུ་རོལ་དུ་འཇུག ཅ་དངོས་ཡག་པོ་ཡོད་ན་ཕྲུ་གུ་ལ་བེད་སྤྱོད་བྱེད་དུ་འཇུག་གི་ཡོད། ང་ཚོས་ཧ་མ་གོ་བས་མ་གཏོགས་ཡིད་འཇོག་བྱས་ཚེ། རྒྱུན་ལྡན་གྱི་བྱ་བ་ཆེ་ཕྲ་ཀུན་ལས་ཕ་མའི་བྱམས་བརྩེ་ཚོར་ངེས་ཡིན།

དུས་ཚོད་ལགས། ཁྱེད་རང་ཅུང་ཟད་དལ་ཙམ་ཕྱིན་ན་ཨེ་འགྲིག ངས་ང་ཡི་ཡོད་ཚད་ཕུལ་ནས་ཕ་མ་གཉིས་པོ་སྐུ་ཚེ་བྲག་ལས་བརྟན་པོ་ཡོང་བ་དང་། ངས་ང་རང་ལེགས་སྐྱེས་སུ་ཕུལ་ནས་ཕ་མ་ཡི་མགོ་བོའི་སྐྲ་དཀར་དང་གཉེར་མ་ཉུང་དུ་གཏོང་བར་འདོད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博