http://zw.xzqnb.cn/Content/weixinlogo.png
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་གཞིས་རྩེ
http://zw.xzqnb.cn/m/content/2025-01/17/001031.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མང་ཚོགས་ཀྱི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་པ།

ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་དགུན་སྒར་གྱི་བྱེད་སྒོ་སྤེལ།

གནོད་འཚེ་ཕོག་ཁུལ་གྱི་ལོ་ཆུང་བྱིས་པར་དམིགས་ཏེ་“བྱིས་པའི་དགའ་ཚལ་”སྒོ་ཕྱེ་བ་རེད།

མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

等待处理…

གནོད་འཚེ་ཕོག་ཁུལ་གྱི་ལོ་ཆུང་བྱིས་པར་དམིགས་ཏེ་“བྱིས་པའི་དགའ་ཚལ་”སྒོ་ཕྱེ་བ་རེད།

2025年01月17日

2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ ཚབས་ཆེའི་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད། ས་ཡོམ་གྱིས་མི་ཤི་རྨས་ཚབས་ཆེན་བྱུང་བ་དང་ཁང་པ་འབོར་ཆེན་རྡིབ་ཡོད།

གནོད་འཚེ་ཕོག་པའི་གནས་ཚུལ་ནི་བཀའ་རྒྱ་ལྟ་བུ་ཡིན་པས། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ནས་མཚན་གཅིག་གིས་ས་ཡོམ་ཁུལ་གྱི་མང་ཚོགས་ལ་གྲང་འགོག་དངོས་ཟོག་ཉོས་ནས། དུས་ཐོག་ཏུ་གནོད་འཚེ་ཕོག་པའི་ས་ཁུལ་ལ་རོགས་སྐྱོབ་དངོས་ཟོག་སྐྱེལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲད་ནས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་དགུན་ཁ་སྐྱེལ་རོགས་བྱས་པ་རེད། ཚེས་9ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་། གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ལྷན། གུང་གཞོན་སྡེ་ཚོགས་དིང་རི་རྫོང་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་ཚོད་ལྟ་བྱས་ནས་བཙུགས་པའི“བྱིས་པའི་དགའ་ཚལ” སྒོ་ཕྱེ་བ་རེད།

དཔུང་སྡེའི་དཔོན་དམག་དང་། དང་བླངས་པ། གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ། སྡེ་ཚོགས་ཁོངས་མི་བཅས་ཀྱིས་མཉམ་རོགས་འོག བཀོད་སྒྲིག་ས་ཚིགས་སུ་ལོ་ཆུང་བྱིས་པ་30ལྷག་ཙམ་དང་མཉམ་དུ་བྱེ་ཁུག་གཡུགས་རྒྱུ་སོགས་ཀྱི་སྤྲོ་སྣང་ལྡན་པའི་རོལ་རྩེད་རྩེད་པ་དང་སེམས་ཁམས་སྣེ་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། “བྱིས་པའི་དགའ་ཚལ་”དེ་ནི་ས་བབ་མཐོ་ཚད་སྨི4000ཡོད་པའི་ཟིང་དཀར་གྲོང་ཚོའི་བྱིས་པ་རྣམས་གྲང་ངར་ཆེ་བའི་གནམ་གཤིས་ལས་རྒྱལ་ཐུབ་པ་མ་ཟད། ད་ཐེངས་ཀྱི་བྱ་འགུལ་ཁྲོད་བྱིས་པ་རྣམས་རླབས་ཆེན་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་དྲོ་སྐྱིད་ཚོར་ཐུབ་བཞིན། གོམ་སྟབས་རྗེས་མར་གནོད་འཚེ་ཕོག་ཁུལ་ཡོངས་ཀྱི་བཀོད་སྒྲིག་ས་ཚིགས་སུ་བྱིས་པའི་དགའ་ཚལ་གླིང་འཛུགས་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博