http://zw.xzqnb.cn/Content/weixinlogo.png
མེ་ཟོན་བཀོད་འཐབ་པས་དགེ་སློབ་ལ་མེ་ཟོན་ཡོ་བྱད་སྤྱོད་སྟངས་སློབ་
http://zw.xzqnb.cn/m/content/2025-01/17/001032.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མང་ཚོགས་ཀྱི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་པ།

ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་དགུན་སྒར་གྱི་བྱེད་སྒོ་སྤེལ།

གནོད་འཚེ་ཕོག་ཁུལ་གྱི་ལོ་ཆུང་བྱིས་པར་དམིགས་ཏེ་“བྱིས་པའི་དགའ་ཚལ་”སྒོ་ཕྱེ་བ་རེད།

མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

等待处理…

མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

2025年01月17日

མེ་ཟོན་བཀོད་འཐབ་པས་དགེ་སློབ་ལ་མེ་ཟོན་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

དགུན་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པས”མེ་ཟོན་དྲིལ་བསྒྲགས་ཀྱི“དྲུག་སྤེལ”དམ་འཛིན་བྱ་གཞིར་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱོན་ཡོངས་ནས་སྒྲོག་འགྲེལ་བྱས་ཏེ་མེ་ཟོན་དྲིལ་བསྒྲགས་ཀྱི་ནང་དོན་ཟབ་ཏུ་དང་ཕན་འབྲས་ཆེ་རུ་བཏང་བ་རེད།

དྲིལ་བསྒྲགས་བྱེད་རིང་། འཆད་ཁྲིད་ཚོགས་པའི་ཁོངས་མིས“དམངས་ཡོངས་ཀྱིས་མེ་ཟོན་བྱེད། ཚེ་སྲོག་གོང་དུ་བཀུར་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་འདུ་གནས་ཁག་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་མང་ཚོགས་ལ་མེ་ཟོན་ཡོ་བྱད་བེད་སྤྱོད་དང་། བདེ་འཇགས་ལྡན་པའི་ངང་མེ་དང་། གློག སོལ་རླངས་བཅས་སྤྱོད་རྒྱུར་དོ་སྣང་བྱེད་དགོས་ཚུལ། མེ་ཤོར་སར་རང་སྲོག་སྐྱོབ་པ། མེ་སྐྱོན་ཐོན་མ་ཐག་ཏུ་གསོད་པ་སོགས་མེ་ཟོན་བདེ་འཇགས་ཀྱི་རྨང་གཞིའི་རྒྱུན་ཤེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ་དང་དམར་ཁྲིད་བྱེད་སྟངས་བརྒྱུད་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྐྱོབ་རོགས་སྐྱོབ་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博