西藏青年报藏文版ཕྱོགས་བསྡུས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་པ། ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་དགུན་སྒར་གྱི་བྱེད་སྒོ་སྤེལ། གནོད་འཚེ་ཕོག་ཁུལ་གྱི་ལོ་ཆུང་བྱིས་པར་དམིགས་ཏེ་“བྱིས་པའི་དགའ་ཚལ་”སྒོ་ཕྱེ་བ་རེད། མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

放大 缩小 默认

ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་དགུན་སྒར་གྱི་བྱེད་སྒོ་སྤེལ།

ཟླ 1 ཚེས 3 ཉིན་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་གནས་ཀྱིས་ལྷ་སར་“བརྩེ་དུང་གི་དགུན་ཁའི་ཉི་མོར་བྱིས་སེམས་ལ་རྨི་ལམ་རྨིས་པ” ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་དགུན་སྒར་གྱི་བྱེད་སྒོ་སྤེལ་བས། ལོ་ཆུང་གདོང་ལེན་རུ་མི 200 ལྷག་ཙམ་དང་རུ་སྣེ་ཁྲིད་མཁན་དགེ་རྒན་དང་ཁྱིམ་བདག་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དགུན་སྒར་བྱེད་སྒོའི་དུས་ཡུན་ཉིན་7ཡིན་པ་དང་། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར(ས་གནས)ཁག་གི་སློབ་གྲྭ་འབྲིང་ཆུང་14དང་SOSབྱིས་པའི་གྲོང་ཚོའི་གཞོན་ནུ་སྔོན་ཐོན་རུ་མི་50དང་། གཞོན་ནུ་ལོ་ཆུང་ཕོ་བྲང་གི་ལས་དོན་མི་སྣ་4དང་། དང་བླངས་པ་གཅིག སྨན་དོན་མི་སྣ་གཅིག་བཅས་སྦྱོང་བརྡར་ནང་ཞུགས་པ་རེད། སློབ་ཚན་ནང་དམག་དོན་ཉམས་ལེན་དང་ལུས་སྟོབས་སྦྱོང་བརྡར། སྲོལ་རྒྱུན་རིག་གནས་ཉམས་ལེན། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པ། བོད་ལྗོངས་ཚན་རྩལ་ཁང་དང་ལྷུན་གྲུབ་རྫོང་གི་གསར་བརྗེའི་སློབ་གསོའི་རྟེན་གཞི་ལ་ལྟ་སྐོར། ཁོར་ཡུག་གཙང་སྦྲའི་ལས་དོན་པར་འཚམས་འདྲི། ཁོར་ཡུག་གཙང་སྦྲའི་ལས་དོན་ལ་ཉམས་ལེན་སོགས་བྱས་པ་རེད།

བྱེད་སྒོའི་འགན་འཁུར་བས་བྱེད་སྒོ་དེ་རིགས་སྤེལ་བ་བརྒྱུད་དེ་ཕྲུ་གུ་ཚོའི་དགུན་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མ་ཟད། ལག་ལེན་བྱེད་སྒོའི་ཁྲོད་རུ་དཔོན་གྱིས་འདོད་བློ་སྦྱོང་བརྡར་དང་མཐོང་རྒྱ་ཆེ་རུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། བྱིས་པ་ཚོ་སྣེ་ཁྲིད་དེ་ཕུན་སུམ་ཚོགས་ཤིང་དོན་སྙིང་ལྡན་པའི་དགུན་དུས་དགུང་གསེང་ལས་ཁོང་ཚོར་བརྗེད་དཀའ་བའི་བྱིས་དུས་ཀྱི་དྲན་ཤེས་ཤིག་བཞག་ཡོད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明