http://zw.xzqnb.cn/Content/weixinlogo.png
སྐྱེ་བོ་སུ་དང་སུ་ཡིན་རུང་། རང་ཉིད་ལ་གཅེས་ཤིང་བྱམས་པའི་དྲིན་ཆེ
http://zw.xzqnb.cn/m/content/2025-01/10/001022.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མི་ཚེ་གང་པོར་དཔེ་ཀློག་གྱིས།

༄༅། །ང་རང་དགའ་ཤོས་ཀྱི་རིག་ཚན།

༄༅། །བདག་གི་ཨ་མ།

༄༅། །བཟའ་ཟླ་འདེམས་པ།

等待处理…

༄༅། །བདག་གི་ཨ་མ།

作者 རིག་འཛིན་སྒྲོལ་མ།
2025年01月10日

སྐྱེ་བོ་སུ་དང་སུ་ཡིན་རུང་། རང་ཉིད་ལ་གཅེས་ཤིང་བྱམས་པའི་དྲིན་ཆེན་ཕ་མ་ཡོད་ནའང་། ཨ་མ་ནི་རང་ཉིད་ཀྱི་མི་ཚེའི་དགེ་རྒན་དང་པོ་ཡིན། ང་རང་མ་ལོའི་བྱམས་བརྩེའི་དྲོད་ཁོལ་གྱིས་བསྐྱངས་ཤིང་བརྩེ་བའི་བདུད་རྩིས་གསོས་པ་ཡིན།

ངའི་ཨ་མའི་གདོང་ནི་ཚེས་པ་བཅོ་ལྔའི་དུང་ཟླ་ལྟར་དཀར་ཞིང་། སྨིན་མ་ནི་རྒྱ་ལྕང་ལོ་མ་ལྟར་ཕྲ། ཁོ་མོའི་སྐྲ་ནི་ནག་ཅིང་རིང་ལ་གཟུགས་བྱད་ལེགས། མིག་གཉིས་ནི་རྒུན་འབྲུམ་ནག་པོ་གཉིས་དང་འདྲ་བར་གོར་ཞིང་ནག་ཀྲིག་ཀྲིག་བྱེད་ལ། ལག་པའི་སེར་ཀ་དང་ཐོད་པའི་རྒས་གཉེར་ནི་ཆགས་མེད་ཀྱི་ཁྱིམ་ལས་ཙག་ཙིག་དང་འཁོར་བའི་ངལ་དུབ་ཀྱིས་འགོས་པའི་འཚོ་བའི་རི་མོ་དང་ཁ་དོག་ཡིན་པར་འདུག སྒོས་སུ་བུ་མོ་ང་ལ་སེམས་ཁུར་དང་གཉོར་སྐྱོང་གི་དཀའ་བ་ཁྱད་དུ་བསད་ནས་བདེ་ཐང་ངང་ནར་སོན་དུ་འཇུག་པའི་ཆེད་ཡིན།

ནམ་རྒྱུན་ངེད་བཟའ་མི་གང་བོས་ནངས་ཇ་འཐུང་སྐབས། ཨ་མས་ང་ཚོ་ལ་ཁ་ཏ་སློབ་གསོ་དང་གནས་ལུགས་ལྡན་པའི་ལེགས་བཤད་མང་པོ་བཤད་སྲོལ་ཡོད། ངས་བསམ་པར་ཨ་མས་སློབ་གྲྭར་འགྲོ་མ་ཐུབ་པ་ནི་དངོས་གནས་ཡིད་སྐྱོ་བ་ཞིག་རེད། གལ་ཏེ་མོ་འདི་འདྲའི་རིག་པ་རྒོད་པོ་དང་བསམ་པ་ཡག་པོ་ཡོད་པ་ཞིག་གིས་སློབ་གྲྭ་བཏོན་ཡོད་ཚེ་མི་འཇོན་ཐང་ཅན་དུ་གྱུར་ཡོད་པ་གདོན་མི་ཟ།

ཉིན་ཞིག་ལ། ཨ་མས་ཁྱིམ་རའི་ནང་གད་སྙིགས་ཕྱགས་བཞིན་འདུག ངས་ཨ་མ་ལ་ལས་རོགས་བྱེད་ཨེ་དགོས་ཞེས་དྲིས་པར། ཨ་མས་དེ་འདྲི་དགོས་སམ་ཁྱིམ་ཕྱགས་རྒྱུ་ནི་ང་ཁོ་ནའི་འགན་ཁུར་མིན། མི་སུ་ཞིག་ཡིན་རུང་རང་གི་རྐང་ལག་ལ་བརྟེན་ནས་བྱ་བ་བསྒྲུབ་དགོས། གལ་ཏེ་ངལ་རྩོལ་མ་བྱས་ན་འཚོ་བ་རོལ་མི་ཐུབ་ལ། ངལ་རྩོལ་ལ་མ་དགའ་ན་དབུལ་པོར་ཆགས་འགྲོ་ཟེར། དགེ་རྒན་གྱིས་ཀྱང་བྱ་དངོས་མང་པོ་ཞིག་ངལ་རྩོལ་ལས་བྱུང་བར་བཤད་པ་ངས་ངོ་མ་བདེན་པར་སེམས།

ངའི་ཨ་མ་ནི་ངལ་རྩོལ་ལ་ཤིན་ཏུ་དགའ། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་ཁྱིམ་ལས་ཚགས་སུ་ཆུད་པར་བྱེད་ལ། ད་དུང་ང་རང་སློབ་གྲྭར་ཡར་སྐྱེལ་བསུ་བྱེད། ད་ལྟ་ང་རང་དམའ་འབྲིང་སློབ་མ་ཞིག་ཏུ་གྱུར་ཡོད་པས། བུ་མོ་ངས་ཨ་མའི་བསླབ་བྱ་ཡིད་ལ་དམ་པོར་བཅངས་ཏེ་རེ་བ་སྟོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་བཞིན་མཆིས། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博