西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མི་ཚེ་གང་པོར་དཔེ་ཀློག་གྱིས། ༄༅། །ང་རང་དགའ་ཤོས་ཀྱི་རིག་ཚན། ༄༅། །བདག་གི་ཨ་མ། ༄༅། །བཟའ་ཟླ་འདེམས་པ།

放大 缩小 默认

༄༅། །བཟའ་ཟླ་འདེམས་པ།

རང་ལོ་ཉི་ཤུར་སླེབས་མ་ཐག་པའི་བུ་མོ་མཚམས་གཅོད་སྐྱེ་འབྲས་རབ་ཏུ་མཚར་ཞིང་། གཟུགས་བྱད་ཀྱང་ཤིན་ཏུ་ལེགས་པས། གྲོང་ཚོའི་ཕོ་གཞོན་ཚང་མས་ཧབ་ཐོབ་ཤིག་ཤིག་ངང་བཟའ་ཚང་བྱ་རྒྱུའི་རེ་བ་ཨ་ན་ཨུ་ཚུགས་བྱེད་ཀྱི་ཡོད་མོད། ད་ལོ་མཚམས་གཅོད་ཀྱིས་གློ་བུར་དུ་ཁམས་པ་ཅ་ལག་རྙིང་ཚོང་རྒྱག་མཁན་ཟླ་བ་དང་གཉེན་བསྒྲིགས་པས། མོ་གཞོན་རྣམས་ཧ་ལས་ཤིང་ཕོ་གཞོན་རྣམས་སྙིང་རླུང་ལངས།

དེའི་ཚེ་མཚམས་གཅོད་ཀྱི་ཨ་མས། བུ་མོ་ཁྱོད་ལ་གྲོང་ཚོའི་ནང་དགའ་པོ་བྱེད་མཁན་ཕོ་གཞོན་མང་པོ་དེ་འདྲ་ཡོད་ཀྱང་ཁོ་ཚོར་ཁ་ཡ་མ་བྱས་པར། ཅ་ལག་རྙིང་ཚོང་རྒྱག་མཁན་ཞིག་གི་ཆུང་མ་བྱེད་དོན་གང་ཡིན་ཞེས་དྲིས་པར། མཚམས་གཅོད་ཀྱིས། གྲོང་ཚོའི་ནང་གི་ཕོ་གཞོན་དེ་ཚོས་གནས་སྐབས་ང་ལ་དགའ་པོ་བྱེད་པ་མ་གཏོགས། ང་རྒན་འཁོགས་ཆགས་ན་མིག་ལྟ་ཅི་ལྟག་ཁུང་ཙམ་ཡང་ལྟ་ཡི་མ་རེད། འོན་ཀྱང་། ཚོང་པ་ཟླ་བ་ནི་ཅ་ལག་རྙིང་ཚོང་རྒྱག་མཁན་ཞིག་ཡིན་པས། ང་ལོ་ཇི་ཙམ་རྒས་པ་དེ་ཙམ་གྱིས་ཁོས་ང་ལ་དགའ་རུ་འགྲོ་ངེས་རེད་ཅེས་ལན་བཏབ། །

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明