http://zw.xzqnb.cn/Content/weixinlogo.png
ཉེ་ཆར། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་
http://zw.xzqnb.cn/m/content/2024-08/23/000817.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོཌ་འདུ་འཚོཌ་པ།

གཞིས་རྩེ་གྲོང་ཁྱེར་གྱིས་2024ལོའི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ།

བོད་ལྗོངས་མངའ་རིས་ས་ཁུལ་གྱིས་མི་རིཌ་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མུ་མཐུད་བརྟན་དུ་བཏང་བ།

སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་རིག་གནས་ཡུལ་སྐོར་གྱི་འགོ་ཚུགས་མཛད་སྒོ་དང་མིང་ཐའེ་བུམ་པའི་སྒོར་གཞས་འགྲན་བསྡུར་ཆེ་མོ་ལྷ་ས་གྲོང་ཁྱེར་དུ་གཉེར་བ།

等待处理…

ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོཌ་འདུ་འཚོཌ་པ།

2024年08月23日

ཉེ་ཆར། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་གྱིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་ཁྲིམས་འཛིན་གྱི་འདེགས་སྐྱོར་དང་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱེད་རྒྱུ”ཞེས་པ་བརྗོད་བྱར་འཛིན་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ཁྲིམས་ཁང་སྒྱུར་བཅོས་ཀྱི་ལས་འགན་དང་ལག་བསྟར་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིམས་འཛིན་སྒྱུར་བཅོས་དང་ཁྲིམས་འཛིན་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིར་མཉམ་འདྲེས་ཐུབ་པར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཞབས་འདེགས་ཞུ་རྒྱུར་དམིགས་པ། དེའི་ནང་ཁྱབ་པའི་ཆབ་སྲིད་ཀྱི་བླང་བྱ་དང་ཁྲིམས་སྐྱོང་གི་ནང་དོན་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་འཛིན་ཁྲིམས་གཅོད་ཀྱིས་རང་བྱུང་གི་ཆོས་ཉིད་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས། མི་ཆོས་བཅས་ཀུན་ལ་བསམ་གཞིག་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱི་གྲུབ་འབྲས་ཀྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博