http://zw.xzqnb.cn/Content/weixinlogo.png
ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང
http://zw.xzqnb.cn/m/content/2024-07/19/000760.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཆེད་ལས་ བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ།

སྲོག་ཆགས་གཙོད་ལ་བཅངས་པའི་གདུང་སེམས།

བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་མངོན་མིན་རིག་གནས་མྱོང་རོལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

等待处理…

བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ།

2024年07月19日

ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྐབས་གཉིས་པའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའུ་ཧྲུའུ་ཅི་ཞའོ་ཁྲོན་ཅང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་གཉིས་པའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བརྗོད་བྱ་གཙོ་བོའི་འགྲན་བསྡུར་བྱེད་སྒོའི་ནང་ལྗོངས་ཡོངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་དང་། དམངས་ཁྲོད་གླུ་པ་ཕོ་མོ་གྲགས་ཅན་གྱི་འགྲན་བསྡུར། ལྗོངས་ཡོངས་ཀྱི་གཞོན་ནུ་གཞས་པའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་ཆེད་ལས་ཞབས་བྲོའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་བོད་ཀྱི་ལྷ་མོའི་ཟློས་གར་གཞས་གདངས་འགྲན་བསྡུར། ལྗོངས་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུརབཅས་ཡོད་པ་དང་། བྱེད་སྒོ་འི་འགོ་ཚུགས་མཛད་སྒོ་དེ་ཟླ་7ཚེས་12ཉིན་ལྷ་སར་གཉེར་བ་རེད། མཉམ་སྒྲོག་རོལ་དབྱངས《ཧི་མ་ལ་ཡ》ཞེས་པ་དེ་འགོ་ཚུགས་ཟློས་གར་ཆེན་པོ་ཞིག་ཏུ་བརྩིས་ནས་ལྟད་མོ་བ་ཚང་མར་སྟོན་རྒྱུ་རེད། སྒྱུ་རྩལ་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་ཟླ་8ཚེས་12ཉིན་ལྷ་སར་གཉེར་རྒྱུ་ཡིན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རིག་གནས་སྒྱུ་རྩལ་བྱ་དགའ་མཐོ་ཤོས་ཏེ“སྐལ་བཟང་མེ་ཏོག་”རིག་གནས་སྒྱུ་རྩལ་བྱ་དགའ་དང་བོད་ཀྱི་སྐར་ཚོགས་བྱ་དགའི་དཔྱད་བསྡུར་འབྲས་བུ་སྤྲོད་རྒྱུ་རེད། དེ་དང་ཆབས་ཅིག་མཇུག་འགྲིལ་མཛད་སྒོའི་ཐོག་གདན་ཞུས་ཐོབ་པའི་བོད་ཀྱི་རིག་གནས་གཞུང་ཚབ་ཆེ་མོ་བ་དང་ཡུལ་སྐོར་གཟུགས་བརྙན་གཞུང་ཚབ་ཆེ་མོར་གདན་ཞུའི་ཡི་གེ་ཡང་སྤྲོད་རྒྱུ་རེད།

ཞའོ་ཁྲོན་ཅང་གིས་འདི་ལོའི་ཟླ་2པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྲིག་གཞི་བསྒྱུར་བཅོས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་བཀོད་སྒྲིག་གཞིར་བཟུང་དེ་སྔའི་རང་སྐྱོང་ལྗོངས་རིག་གནས་ཐིང་དང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་བསྡུ་སྒྲིལ་བྱས་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གསར་དུ་བཙུགས་པ་དང་བོད་ཀྱི“སྙན་ངག་དང་རྒྱང་རིང་”ལག་གདང་སྦྲེལ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རིག་གནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་འདུ་ཤེས་གསར་བཟོ་བྱེད་པ། ལམ་སྲོལ་གསར་གཏོད། གཞི་རྟེན་གསར་གཏོད། བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་རིག་གནས་དང་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་དང་བྱ་ཐབས་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་བརྩམས་ཆོས་ཐོན་པ། ཕན་འབྲས་ཐོན་པ། སྤུས་ལེགས་སྤེལ་རེས་དང་ཕན་ཚུན་དཔྱད་ལེན། རིག་གནས་ཀྱི་སེམས་ལ་ཕན་པ་བཅས་ཀྱི་སྟེགས་བུ་བཏོད་ནས་རྒྱ་ཆེའི་ཡུལ་མི་དང་ཡུལ་སྐོར་བ་ཚོར་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཏོན་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོའི་རིགས་སྣ་མང་དང་ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ། གྲོང་ཁྱེར(ས་ཁུལ)ཁག་གི་རིག་གནས་སྒྱུ་རྩལ་ལེ་ཚན་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རེས་མོས་བྱས་ཏེ་ས་གནས་དེ་གའི་ཁྱད་ཆོས་དང་གསར་འབྱེད་གསར་གཏོད་གང་ལེགས་མཚོན་པ་མ་ཟད། བྱེད་སྒོ་སྤེལ་ཡུལ་ཡང་སྣ་མང་ཅན་མངོན་པར་བྱས་ཏེ་བོད་ལྗོངས་ཟློས་གར་ཁང་དང་བོད་ཀྱི་ཟློས་གར་ལྟེ་གནས། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཚུད་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博