http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གི་ཏང་ཀྲི་པུས་ཆུ་ཤ
http://zw.xzqnb.cn/m/content/2024-07/19/000762.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཆེད་ལས་ བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ།

སྲོག་ཆགས་གཙོད་ལ་བཅངས་པའི་གདུང་སེམས།

བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་མངོན་མིན་རིག་གནས་མྱོང་རོལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

等待处理…

བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་མངོན་མིན་རིག་གནས་མྱོང་རོལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

2024年07月19日

ཉེ་ཆར། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གི་ཏང་ཀྲི་པུས་ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་དུ་མངོན་མིན་རིག་གནས་མྱོང་རོལ་བྱེད་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཅིང་། དེའི་དམིགས་ཡུལ་ནི་རྟེན་རྫས་བཤམས་མཛོད་ཁང་གི་ཉར་དངོས་ཀྱི་ལེགས་ཆར་ཟུང་འབྲེལ་བྱས་ཐོག“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”གོ་སྐབས་སུ་བྱས་ནས། ཏང་འཛུགས་སྐྱོང་བྱེད་སྒོ་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དེ་ཡིན་པ་རེད།

བྱེད་སྒོ་སྤེལ་བའི་ཁྲོད། ལས་བཟོ་དང་གྲོང་མི་ཚོ་མངོན་མིན་རིག་གནས་མྱོང་རོལ་བྱེད་སྒོར་མཉམ་དུ་ཞུགས་ཤིང་། ཁོང་ཚོས་དངོས་སུ་མངོན་མིན་རིག་གནས་ཏེ་འཇུན་པའི་ཀོ་གྲུ་བཏང་ནས་སྲོལ་རྒྱུན་ལག་རྩལ་དང་དེང་རབས་འཚོ་བ་ཞི་མཐུན་ལྡན་པར་མཉམ་འདྲེས་བྱུང་བ་མྱོང་རོལ་བྱས་པ་དང་། མངོན་མིན་རིག་གནས་ལག་ཤེས་ཀོ་གྲུ་བཟོ་བའི་ཐད། ལས་བཟོ་ཚོས་དངོས་སུ་ཀོ་གྲུ་བཟོས་ནས་མངོན་མིན་རིག་གནས་ཀྱི་བྱང་ཆུབ་པའི་ལག་རྩལ་མྱོང་རོལ་བྱས་པ་མ་ཟད། ད་དུང་མངོན་མིན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཐག་ཉེ་ས་ནས་ཉམས་སུ་ཡང་མྱངས་པ་རེད།

ཐེངས་འདིའི་བྱེད་སྒོ་བརྒྱུད། མངོན་མིན་རིག་གནས་དང་ཏང་འཛུགས་སྐྱོང་ལས་དོན་གྲུབ་འབྲས་ཐོབ་པའི་ངང་ཕན་ཚུན་ཟུང་འབྲེལ་ཐུབ་ནས་ལས་བཟོ་ཚོས་སྤྲོ་སྣང་དོད་པའི་རྣམ་པའི་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཡོད། དེ་དང་ཆབས་ཅིག རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་ཀྱི་ཤུགས་རྐྱེན་དང་སྤྱི་ཚོགས་སྟེང་གི་མིང་གྲགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博