西藏青年报藏文版ཕྱོགས་བསྡུས། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཆེད་ལས་ བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ། སྲོག་ཆགས་གཙོད་ལ་བཅངས་པའི་གདུང་སེམས། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་མངོན་མིན་རིག་གནས་མྱོང་རོལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

放大 缩小 默认

སྲོག་ཆགས་གཙོད་ལ་བཅངས་པའི་གདུང་སེམས།

འབྱམས་ཀླས་པའི་རྩྭ་ཐང་དུ་འཚོ་བའི་སྲོག་ཆགས་ཉམ་ཆུང་ཞིག་ནས་གཤེད་མའི་འབེན་དུ་གྱུར། ཡངས་པའི་རྩྭ་ཐང་སྟེང་གཙོད་ཀྱི་ཁྱུ་ཚོགས་ཐོར་བཤིག་ཏུ་སོང་བ་དེ་གཤེད་མའི་རྐང་རྗེས་དང་། མེ་མདའི་སྒྲས་ཁེངས་ཤིང་བཟོད་པར་དཀའ་བའི་མིག་ཆུ་དང་ཁྲག་དམར་འཁྱིལ་བའི་ཡུལ་ཞིག བར་སྣང་དེར་བྲག་ཆ་ལན་མང་འཁོར་བའི་མེ་མདའི་སྒྲ་དེས། གཙོད་ཀྱི་རྨིག་སྒྲ་རྩྭ་ཐང་འདིའི་བྲང་གཞུང་ནས་སྐྱོ་སྣང་གིས་གནས་སུ་གྱར། བདེ་བའི་རང་བྱུང་ཁམས་ཀྱི་རྩྭ་ཆུར་བག་ཕེབས་ལ་རོལ་བའི་གཙོད་ཁྱུ་མང་པོ་འཇིགས་པ་དང་དོགས་ཟོན་གྱིས་འཚོ་དགོས་པས། ང་ཚོས་གཙོད་ཀྱི་ཁྱིམ་གཞིས་ལ་གཅེས་འཛིན་སྲུང་སྐྱོང་དེ་བས་བྱེད་གལ་ཆེ།

ཁྲག་དམར་གྱི་རྒྱ་མཚོ་འཁྱིལ་བའི་བཤས་ར་དང་འདྲ་བའི་སྐྱོ་བའི་རྩྭ་ཐང་འདི་གཙོད་ཁྱུའི་ཕ་ས་དྲོན་མོ་ཞིག་ཡིན་པས་ན། དེ་རིང་གི་རྩྭ་ཐང་། སྐྱོ་སྣང་དང་འཇིགས་པས་བཟུང་བའི་ཡུལ་ཞིག དུས་ཡུན་བགྲང་བྱ་མང་པོར་འཇིགས་སྣང་དང་དངངས་སྐྲག་གི་འཚོ་ཐབས་དཀའ་བའི་གཙོད་ཀྱི་འཆི་གསོན་གླེང་སྐབས་ཁོ་བོས་གཙོད་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ལོ་རྒྱུས་གླེང་ཐེངས་རེར་རང་ཉིད་ཀྱི་ཁེ་དབང་དང་སྒོར་མོར་ཞེན་པའི་གདུག་རྩུབ་ཀྱིས་གཤེད་མ་དེ་ཚོ་མཐོང་དུས་ང་ཡང་རང་དབང་མེད་པར་མཆི་མ་ཤོར།

ཁྲིམས་འགལ་ཉེས་གསོག་ཉེས་ཅན་དེ་ཚོས་རང་བྱུང་ཁམས་ལ་གནོད་འཚེ་གྲངས་མེད་བཟོས་ཤིང་རྩ་ཆེའི་རྒྱལ་ཁབ་རིམ་པའི་གཙོད་ཀྱི་འཕེལ་མགྱོགས་གྲངས་འབོར་ལ་འགོག་རྐྱེན་ཤུགས་ཆེན་བཟོས། དེ་ལྟར་ཡ་ང་བའི་གདུག་རྩུབ་ཀྱིས་ལོ་ཟླའི་ཁྲོད་དུ་དུས་ཇི་ཙམ་ནས་རྩྭ་ཐང་འདིར་གཙོད་ཀྱི་སྐྱེ་འཕེལ་སྦྲུམ་པ་དཔོག་དཀའ་ཡང་ནག་པོའི་ལས་བགྱི་བར་གོམས་པའི་གཤེད་མ་ཁྱུ་ཞིག་རྩྭ་ཐང་གི་གྲུ་ཟུར་འདིར་ཧམ་སེམས་ཆེན་པོས་སླེབས་པ་ནས་བཟུང་གཙོད་ཁྱུ་ཡི་སྐྱོ་གར་དེ་རྩྭ་ཐང་གི་ངུ་སྒྲའི་ཁྲོད་ནས་འཚོ་དགོས་བྱུང་།

དེ་ལྟར་བསམ་ཚེ་རྩྭ་ཐང་གི་གཙོད་ཁྱུ་ཡལ་བའི་ལོ་ཟླ་དེ་དག་དབེན་འཇགས་ཀྱི་སྐྱོ་སྣང་ཞིག་དང་འཇིགས་སྐུལ་གྱི་ལོ་ཟླ་ཞིག་རེད་ཨང་།

གཙོད་ནི་རྩྭ་ཐང་གི་ཕ་གཞིས་དྲོན་མོ་ཞིག་ནས་འཁྲུངས་པའི་བུ་ཚ་འཁྲུལ་མེད་ཞིག་རེད་ན། འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐོག་ཡངས་པའི་རྩྭ་ཐང་དུ་འཚོ་གནས་ལ་རོལ་བའི་གཙོད་ཀྱི་ཁྱུ་ཚོགས་ལ་བདེ་སྐྱིད་ཞི་གནས་ཀྱི་དྲོད་འཁོལ་དང་མུ་མཐའ་མེད་པའི་ཡངས་པའི་རྩྭ་ཐང་འདིར་ནམ་ཡང་བློ་བདེ་བག་ཕེབས་ངང་འཚོ་གནས་ཡོང་བར་སྨོན་ཅིག།

བསོད་ནམས་བཀྲ་ཤིས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明