http://zw.xzqnb.cn/Content/weixinlogo.png
ཟླ་5ཚེས་29ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས
http://zw.xzqnb.cn/m/content/2024-06/07/000684.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།

ལང་ཚོའི་བྱས་རྗེས་ས་མཐོར་འཇོག•ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་ཞེས་པའི་ལང་ཚོའི་གཏམ་རྒྱུད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གིས་2024ལོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བྱེད་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།

等待处理…

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གིས་2024ལོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བྱེད་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

2024年06月07日

ཟླ་5ཚེས་29ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་2024ལོའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་ཅན་པད་མ་ཚེ་རིང་གདན་དྲངས་ནས་སྒྲོག་འགྲེལ་སློབ་ཁྲིད་གནང་བ་རེད།

པད་མ་ཚེ་རིང་གིས་ཉེ་དུས་བྱུང་པའི་གྱོད་དཔེ་ཁག་དང་འབྲེལ་བ་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་རྒྱུན་མཐོང་གི་ཐབས་དང་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ནས་གྱོད་དཔེ་གསོན་ཉམས་དོད་པོས་ངོ་སྤྲོད་བྱས་པས། ཚོགས་འདུར་ཞུགས་མཁན་རྣམས་ལ་ཁ་བསླུས་རྒྱག་མཁན་གྱི་གཡོ་སྒྱུ་དང་གདུག་རྩུབ་ཤེས་རྟོགས་གཏིང་ཟབ་དང་དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་གལ་ཆེའི་རང་བཞིན་བསྟན་ཡོད། དུས་མཚུངས་རྒྱུན་གཏན་གྱི་ཁ་བསླུས་སྔོན་འགོག་གི་གཞི་རྩའི་ཤེས་བྱ་གསལ་བཤད་ཞིབ་ཕྲ་བྱས་པས་ཚོགས་འདུར་ཞུགས་མཁན་ཚོས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མཐོང་ཆེན་དང་གལ་ཆེན་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་པ་དང་། རྒྱ་ཆེའི་ལས་བཟོ་པར་ཁ་བསླུས་གསར་པ་འཕྲད་སྐབས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དད་སེམས་བརྟན་པོ་དང་རང་ཉིད་ལ་སྔོན་འགོག་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ཁ་བསླུས་པར་གོ་སྐབས་མི་སྤྲོད་པའི་སྐུལ་མ་བཏང་བ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་སློབ་ཁྲིད་བྱས་པ་བརྒྱུད་ཚོགས་འདུར་ཞུགས་མཁན་ཚོས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱིས་གནོད་འཚེ་དང་སྔོན་འགོག་ཤེས་བྱ་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་གློག་འཕྲིན་ཁ་བསླུས་ཀྱིས་ཉེས་གསོག་སྔོན་འགོག་གི་འདུ་ཤེས་ཆེ་རུ་ཕྱིན་ཡོད་པ་རེད། སྦྱོང་བརྡར་ནང་ཞུགས་མཁན་ཚོས་གཅིག་རྗེས་གཉིས་མཐུད་ངང་སྦྱངས་པའི་ཤེས་བྱ་རྒྱུན་གཏན་འཚོ་བའི་ནང་བེད་སྤྱོད་བྱས་ནས། ཉེ་འགྲམ་གྱི་མི་རྣམས་ལ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博