http://zw.xzqnb.cn/Content/weixinlogo.png
གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ
http://zw.xzqnb.cn/m/content/2024-06/07/000685.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།

ལང་ཚོའི་བྱས་རྗེས་ས་མཐོར་འཇོག•ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་ཞེས་པའི་ལང་ཚོའི་གཏམ་རྒྱུད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གིས་2024ལོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བྱེད་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།

等待处理…

གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།

2024年06月07日

གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྱབ་ཁོངས་ཁག་གི་གཞོན་ནུ་ཤེས་ལྡན་པ་དང་གཞོན་ནུ་ལས་བྱེད་པ། གཞོན་ནུ་ཁྲིད་སྟོན་པ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་དང་། ཤེས་ལྡན་པའི་དམངས་ཕན་རྒྱལ་སྲུང་ལས་འགན་ལྗིད་པོ་འཁུར་ཕོད་པ་མ་ཟད། གཞོན་ནུའི་ལས་འགན་ལས་སྒྲུབ་འཐུས་སྒོ་ཚང་དུ་བཏང་ནས་གཞོན་ནུ་ཤེས་ལྡན་པས་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་ལུགས་མཐུན་སྐོར་སྐྱོད་བྱེད་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་བཙུགས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་། ས་ཁུལ་དབུལ་པོ། མཐའ་མཚམས་ས་ཁུལ་བཅས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས། གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་ཇེ་མགྱོགས་སུ་བཏང་ནས་གཞོན་ནུའི་མཐོར་འདེགས་འཆར་གཞི་ལག་བསྟར་གྱིས་གཞོན་ནུ་ཁེ་ལས་ཅན་དང་། གྲོང་གསེབ་ཀྱི་གཞོན་ནུའི་ཕྱུག་འགྱུར་སྣེ་ཁྲིད་པ། གཞོན་ནུའི་ཆེད་ལས་ལག་རྩལ་མི་སྣ་དང་འཇོན་ཐང་ཅན། ཡ་རབས་མིག་དཔེ་བཅས་ཀྱི་ཚོགས་སྤྱི་སྐྱེད་སྲིང་ཤུགས་ཆེན་ཡོང་བ་བྱེད་དགོས།

རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཤེས་རྟོགས་བྱ་རྒྱུར་ཀྲུང་ཧྭའི་རིག་གནས་ནི་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་རྟེན་ས་དང་སེམས་ཀྱི་གནས་ཡུལ། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་ཐོག་མཐའ་བར་གསུམ་དུ་ངོས་འཛིན་གང་ལེགས་ཐུབ་པར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དུས་རབས་ཉེར་གཅིག་གི་སྔོན་ཐོན་རིག་གནས་དེ་རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུའི་ཁྲོད་དུ་རྒྱུན་འཛིན་བྱེད་པ་དང་། སྔར་བས་ལས་ཐོག་ཏུ་བེད་སྤྱོད་བཏང་ནས་གཞོན་ནུའི་རིག་གནས་ཀྱི་རང་རྟོགས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། གཞོན་ནུའི་རིག་གནས་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་སྤུས་དག་རིག་གནས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁྱབ་ཁུངས་བྱེད་ནུས་ཇེ་ཆེར་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཕེལ་རྒྱས་རྒྱ་ཆེར་གཏོང་བ། གཞོན་ནུ་ཚོས་རང་ཉིད་ཀྱི་རིན་ཐང་ལ་བརྟེན་ནས་བླ་ན་མེད་པའི་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ་ནི་དོར་ཐབས་མེད་པའི་ལས་འགན་ཞིག་ལ་བརྩིས་དགོས།

བསོད་བཀྲ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博