སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྔ་བཞིའི་སྐོར་གྱི་གལ་ཆེའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་སྐུལ་མ་བཏང་ནས་གཞོན་ནུ་རྣམས་ཕུགས་བསམ་ཡོད་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་བརྩོན་ལེན་བྱ་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས“ལང་ཚོའི་བྱས་རྗེས་ས་མཐོར་འཇོག•ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་འགན་འཁྲི་འཁུར”བརྗོད་བྱ་གཙོ་བོར་བྱས་པའི་ངའི་ལང་ཚོའི་གཏམ་རྒྱུད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་དེ་ཉེ་ཆར་ལྷ་སར་སྤེལ་བ་རེད།
སྒྲོག་འགྲེལ་བྱེད་སྒོའི་ནང་རྒྱལ་ཁབ་སྲུང་སྐྱོང་མཐའ་སྲུང་དང་ཚན་རྩལ་གསར་གཏོད། གྲོང་གསེབ་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ་སོགས་སྤྱི་པའི་ཁྱབ་ཁོངས་སུ་བྱས་རྗེས་བཞག་པའི་གདོང་ལེན་མི་སྣ་མང་པོ་གདན་འདྲེན་ཞུས་ནས། ཁོང་ཚོས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་ཐོག་ལས་གནས་བརྟན་སྲུང་དང་བྱས་རྗེས་བཞག་པའི་ལང་ཚོའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་བརྗོད་ཡོད། གཏམ་རྒྱུད་དེ་དག་ནང་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས། འགན་འཁྲི་འཁུར་ཕོད་པ། སྒེར་སེམས་མེད་པའི་ལེགས་སྐྱེས་ཀྱི་སྙིང་སྟོབས་བཅས་ཀྱིས་དེ་གར་ཡོད་པའི་ཉན་མཁན་ཚང་མར་སེམས་འགུལ་ཐེབས་སུ་བཅུག་ཡོད།
ད་ཐེངས་ཀྱི“ངའི་ལང་ཚོའི་གཏམ་རྒྱུད”ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་ཐོག་ནས་བོད་ཀྱི་གཞོན་ནུའི་ལང་ཚོའི་ཉམས་འགྱུར་དང་འགན་འཁུར་མངོན་པ་མ་ཟད། རྒྱ་ཆེའི་གཞོན་ནུ་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་འཁུར་ཆེད་འབད་བརྩོན་ཧུར་ཐག་བྱེད་པའི་སྤྲོ་སེམས་ཀྱང་འཕེལ་ཡོད།
ཕྱིས་སུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ས་གནས་ཁག་གི་མཐོ་སློབ་ཏུ་སྐྱོད་ནས་རང་ཉིད་ཀྱིས་གཏམ་རྒྱུད་ཟབ་སྤེལ་བྱས་ནས། གཞོན་ནུ་དེ་བས་མང་བ་ཞིག་ལ་གཞོན་ནུ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་རེ་བ་ཡིན་པས་ན་གཞོན་མི་རབས་ལ་ཕུགས་བསམ་དང་འགན་འཁྲི། འཇོན་ཐང་བཅས་ལྡན་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ངོས་འཛིན་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།