http://zw.xzqnb.cn/Content/weixinlogo.png
ཉིན་ཤས་གོང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲ
http://zw.xzqnb.cn/m/content/2024-05/03/000626.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་མ་བསམས་ནས་ཕ་ཡུལ་དུ་ལོག

༄༅། །བདག་གི་གཟའ་མཇུག་འཚོ་བ།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

等待处理…

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

2024年05月03日

ཉིན་ཤས་གོང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེའི)ཚོགས་འདུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ(རྒྱ་ཆེའི)ཚོགས་འདུ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་དོན་གཙང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་(རྒྱ་ཆེའི)ཚོགས་འདུའི་དགོངས་དོན་དང་། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་ཡོད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་འགན་སྲུང་གལ་ཆེན་ཞིག་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་རྟོགས་པ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས།

ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་དམིགས་ཚད་བླང་བྱ་ཁོང་དུ་ཆུད་པ་དང་གནད་ལ་འཁེལ་ཆེད《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་པ་གཅོད་པའི་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས། གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་ནས་དོན་དངོས་དམ་འཛིན་གྱིས་སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་དོ་སྣང་མི་བྱེད་པ་དང་། རྒྱུས་ལོན་མི་བྱེད་པ། ཁོང་དུ་མི་ཆུད་པ་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་《སྲོལ་ཡིག་》སློབ་སྦྱོང་ནན་ཏན་བྱས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་ཡིན་པ་གསལ་པོར་ཤེས་པ་བྱས་ཏེ་ཤེས་རྟོགས་བྱང་ཆུབ་པ་བྱེད་པ་དང་། སྒྲིག་སྲོལ་བརྩི་སྲུང་བྱ་རྒྱུ་དེ་སེམས་སུ་བཟུང་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་སྒྲིག་སྲོལ་བརྩི་སྲུང་ཡག་པོ་བྱས་ནས་ལས་ཀར་འགན་འཁྲི་ནན་པོ་འཁུར་དགོས།

ཚོགས་འདུའི་ཐོག་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་རིམ་པ་རེ་རེ་བཞིན་དམ་དུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚན་ཁག་གི་ཁོངས་མིས་“ལས་གནས་གཅིག་འགན་འཁྲི་གཉིས་”ནན་ཏན་ངང་ལག་བསྟར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་གཏིང་ཟབ་བྱས་ནས་དོན་དངོས་དང་རྣམ་པ་མི་ལོག་པར་འགན་ལེན་ཏན་ཏིག་བྱས་ཏེ། ཚན་ཁག་གི་འགན་འཁུར་བློ་མཐུན་ཚོས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་མིག་དཔེ་སྟོན་ཏེ་རང་རྟོགས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་བྱ་དགོས། ཏང་ཀྲི་པུའུ་ཁག་གིས“ཚོགས་འདུ་གསུམ་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་ཡག་པོ་སྤྱད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་དང་ནུས་ཤུགས་ཡོད་རྒུས་“དོན་ཆེན་བཞི་”དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱས་ནས་ལས་དོན་ཁག་ཡར་ཐོན་གསར་པ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་གུང་གཞོན་སྡེ་ཚོགས་ཁོངས་གཏོགས་སྨྱན་སྦྱོར་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博