西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཕ་མ་བསམས་ནས་ཕ་ཡུལ་དུ་ལོག གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། ༄༅། །བདག་གི་གཟའ་མཇུག་འཚོ་བ།

放大 缩小 默认

༄༅། །བདག་གི་གཟའ་མཇུག་འཚོ་བ།

□ 作者 བསོད་ནམས་བཀྲ་ཤིས།

གཟའ་མཇུག་གི་སྐབས་སུ་གལ་སྲིད་བདག་ལ་ཕ་ཡུལ་དུ་འགྲོ་མཁན་བྱུང་ཚེ་ང་རང་ཕ་ཡུལ་དུ་ལོག་འགྲོ་གི་ཡོད། འགྲོ་མཁན་མ་རྙེད་ན་དུས་རྒྱུན་འབྲི་རུ་རྫོང་ཐོག་ལ་སྡོད་ཀྱི་ཡོད།

ད་ཐེངས་ཀྱི་གཟའ་མཇུག་སྐབས་བདག་གི་གཉེན་ཉེ་ཁ་ཤས་འབྲོག་སར་འགྲོ་རྩིས་འདུག་པས། ང་རང་ཡང་དེ་ཚོ་ལྷན་དུ་ནང་ལ་ལོག་པ་ཡིན། ཕ་ཡུལ་དུ་སླེབས་རྗེས། ཨ་མས“ངའི་བུ་སླེབས་འདུག”ཟེར་ནས་ངོ་གདོང་གཏུག་པ་དང་།“དཀའ་ཨེ་མ་ཐལ”ཟེར་ཏེ་འཚམས་འདྲི་ཡང་ཞུས། ངས“དཀའ་མ་ཐལ”ཟེར་ནས་ནང་ལ་ཕྱིན། གདན་ལ་བསྡད་རྗེས། ཨ་མས་ང་ལ“འོ་མ་དང་རྩམ་པ་འཐུང་ངམ། ཡང་ན་འོ་མ་དང་འབྲས་ཟ”ཞེས་བདམས་ཁ་བསྟན་བྱུང་། ངས་ཨ་མ་ལ“འོ་འབྲས་ཟ་གི་ཡིན”ཞེས་བཤད་པ་ཡིན།

འོ་འབྲས་བཟས་ཚར་རྗེས། ཨ་མ་ངའི་འཁྲིས་སུ་བསྡད་ནས་སློབ་གྲྭ་ལ་ཡི་གེ་ག་ཚོད་སློབ་ཀྱི་ ཡོད་མེད་སྐོར་དྲིས་བྱུང་། ངས“ཡི་གེ་སྣང་དག་མི་འདུག”ཅེས་བཤད་ནས་དཔེ་ཁུག་ལས་གཟེངས་བསྟོད་བཏོན་ཏེ་ཨ་མར་སྤྱན་འབུལ་ཞུས། ཨ་མའི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག་ཅིང་། འཁྱགས་སྒམ་ལས་ལ་ལ་འགའ་བླངས་ཏེ་ངའི་ཤེལ་ཕོར་ནང་དུ་སྦངས། དེ་ནས་ཨ་མ་ངེད་གཉིས་ཐབ་ཀའི་འགྲམ་ལ་མེ་སྲོ་གིན་ཅི་འཁྲོལ་མོས་འཁྲོལ་བྱས་ནས་བསྡད་པས་ཤིན་ཏུ་སྐྱིད་པོ་བྱུང་།

དེའི་ཕྱི་ཉིན་ཨ་མས་ང་མལ་ལས་ལངས་རྒྱུར་སྒུག་བསྡད་ཡོད་པ་འདྲ། ཨ་མས་ང་མལ་ལས་ ལངས་རྗེས“ཁྱོད་རྩམ་པ་ཟོས་ནས་བེའུ་ཕ་གིའི་རི་ལྡེབས་སུ་གཏོང་ཤོག”ཟེར། ངས“ཡཱ་ཡཱ”བྱས་ཏེ་བེའུ་རྡང་ལས་གློད་དེ་དེད་ཕྱིན་པ་ཡིན། བེའུ་ཚང་མའི་སྒལ་པར་བེའུ་ཁེབས་བཀབ་འདུག་པས། ད་དུང་གྲང་ངར་འདི་ལས་ཆེ་རུ་སོང་ན་ཅི་ཞིག་བྱའམ་སྙམ་བྱུང་། ད་ལྟ་རུ་བ་སྟོན་མཚེར་ནས་དགུན་མཚེར་དུ་སྤོས་ཚར་ཙམ་ཡིན་པས། རྩྭ་འབེལ་ཞིང་མཐུག་པོ་འདུག །སྲིབ་ཀྱི་རི་ཕལ་ཆེ་བ་ནི་ཁ་བའི་གོས་དཀར་གྱོན་ཞིང་ཉིན་བྱེད་དབང་པོའི་འོད་མདངས་འཕྲོས་པ་ན་དངུལ་འོད་ལམ་ལམ་དུ་འཚེར།

ང་རང་བེའུ་གློད་ནས་ནང་ལ་སླེབས་རྗེས་ཨ་མ་བསྡད་མི་འདུག །ངས་ཕར་ལྟ་ཚུར་ལྟ་ཇི་ཙམ་བྱས་ཀྱང་ཨ་མ་མཐོང་ལམ་ན་མེད་པས་ཕྱི་ལོགས་སུ་སྐོར་བ་བརྒྱབ་ཏེ་བཙལ་བ་ཡིན། ཨ་མ་ཁང་རྒྱབ་ན་གྲོ་མ་བརྐོ་བཞིན་འདུག །ངས“གྲོ་མ་འདི་འདྲ་མང་པོ་ཅི་བྱེད་རྩིས་ཡོད་དམ”བྱས་པས། ཨ་མས“གྲོ་མ་སྤུས་ཀ་ལེགས་པས་འདི་འཕྲོ་བརླག་སོང་ན་ཕངས་པ་ལའང་”ཟེར། ཨ་མས་ཕུ་ལྟིར་བ་ལྟ་བུའི་གྲོ་མ་ཆེན་པོ་དེ་དག་སྟོན་བཞིན། “གྲོ་མ་བརྐོ་ཚོད་མ་བརྐོས་ན་སད་རྒྱག་པ་དང་ས་འཁེངས་པ་ སོགས་བྱས་ནས་ཕན་མེད་དུ་འགྱུར་འགྲོ”ཟེར།

དགོང་མོ་རི་རྩེ་ནས་ནོར་རྣམས་ནག་རུག་རུག་གིས་འདུས་ཏེ་ཁྱིམ་གྱི་ཕྱོགས་སུ་ཡོང་བ་དང་། བེའུ་རྣམས་རྡང་ལ་བཏགས། ངས་བེའུ་ཚང་བཤེར་བླངས་རྗེས་ཨ་མ་ལ“བེའུ་ཚང་འདུག”ཅེས་བཤད། དེ་ནས་ཡུན་རིང་མ་སོང་བར་ནོར་རྣམས་ངུར་ལྡིར་སྒྲོག་བཞིན་ལྷས་ལ་འཁོར། ངས་ཨ་མར་རོགས་བྱས་ཏེ་བེའུ་སྐེ་བྱེད་རོགས་བྱས་པ་ཡིན། དེ་ལྟར་ངའི་གཟའ་མཇུག་གི་ཕ་ཡུལ་དུ་ལོག་པའི་གཏམ་རྒྱུད་ཀྱང་འདི་ནས་མཇུག་བསྡུས་པ་རེད། ང་རང་འབྲོག་ཕྲུག་ཅིག་ཡིན་པས། འབྲོག་སའི་འཚོ་བ་ནི་ང་རང་ངོས་ནས་བདེ་སྐྱིད་ཆེ་ཤོས་ཤིག་ཏུ་བརྩི་བཞིན་ཡོད། །

བྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明