http://zw.xzqnb.cn/Content/weixinlogo.png
བདག་ལ་ད་བར་དགེ་བའི་བཤེས་གཉེན་མང་པོ་འཕྲད་མྱོང་ཡོད། དེའི་ནང་ནས་
http://zw.xzqnb.cn/m/content/2024-04/12/000591.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ང་ཚོ་གང་གི་ཆེད་དུ་འཚོ་གནས་བྱེད་ཀྱི་ཡོད།

༄༅། །རྨོ་བོ་ལགས།

༄༅། །ང་ཡི་རྒན་ལགས།

རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་2024ལོའི་གཙོ་གནད་རྣམ་གྲངས་ཚང་མའི་ལས་འགོ་ཚུགས་པའམ་བསྐྱར་ཚུགས་བྱས་པ།

等待处理…

༄༅། །ང་ཡི་རྒན་ལགས།

作者 ངག་དབང་ལྷ་མོ།
2024年04月12日

བདག་ལ་ད་བར་དགེ་བའི་བཤེས་གཉེན་མང་པོ་འཕྲད་མྱོང་ཡོད། དེའི་ནང་ནས་གུས་མོར་བག་ཆགས་ཟབ་ཤོས་ནི་ང་ཚོའི་འཛིན་གྲྭའི་བོད་ཡིག་རྒན་ལགས་ཡིན།

ཁོང་ནི་སྐུ་གཟུགས་རིང་ལ་སྐུ་ཤ་རིད་ཙམ་དང་སྤྱན་གཉིས་ཆེ་ཞིང་ནག་པ་ཞིག་ཡོད་ཁོང་གིས་ང་ཚོ་སློབ་ཕྲུག་རྣམས་ལ་ཕ་མ་གཅིག་གི་བུ་ཕྲུག་ལྟར་བྱམས་བརྩེ་ཆེན་པོས་སྐྱོང་བ་ལས། ཉེ་དགའ་ཕྱོགས་ཞེན་སོགས་ཡེ་ནས་གནང་གི་མེད་ང་ཚོའི་བོད་ཡིག་རྒན་ལགས་ཀྱིས་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་མི་གཏོང་བར། ངལ་གསོའི་སྐབས་ཀྱང་སློབ་ཁྲིད་གནང་གི་ཡོད་ལ་རྟག་ཏུ་ང་ཚོར་ཡོན་ཏན་མེད་ན་སྲོག་མེད་པ་དང་གཅིག་པ་རེད་ཅེས་གསུངས་ཀྱི་ཡོད།

ང་ཚོའི་རྒན་ལགས་ཀྱི་སློབ་ཚན་ཚོགས་དུས་ནན་ཏན་ཧ་ཅང་ཆེ་བས་སློབ་མ་མང་ཆེ་བའི་བོད་ཡིག་རྨང་གཞི་ཧ་ཅང་ཡག་པོ་ཡོད་པ་མ་ཟད། བོད་ཡིག་སྦྱོང་རྒྱུར་ཤིན་ཏུ་དགའ་པོ་ཡོད་ལ་སློབ་ཁྲིད་ཀྱི་ཐབས་ཤེས་ཀྱང་ཧ་ཅང་བཟང་པོ་ཡོད། ང་ཚོས་སློབ་སྦྱོང་ཡག་པོ་བྱས་པ་དང་སློབ་ཚན་ཡག་པོ་ཉན་ན་ང་ཚོར་བརྙན་འཕྲིན་བལྟ་རུ་བཅུག་པ་དང་རྔན་པ་སོགས་ཉོ་གནང་གི་ཡོད།

གུས་མོས་ཁོང་གིས་བཀའ་དྲིན་དུས་ནམ་ཡང་བརྗེད་མི་སྲིད་ལ། ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཁོང་ལྟ་བུའི་དགེ་བའི་བཤེས་གཉེན་བཟང་པོ་ཞིག་བྱེད་ཀྱི་ཡིན། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博