西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་ཚོ་གང་གི་ཆེད་དུ་འཚོ་གནས་བྱེད་ཀྱི་ཡོད། ༄༅། །རྨོ་བོ་ལགས། ༄༅། །ང་ཡི་རྒན་ལགས། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་2024ལོའི་གཙོ་གནད་རྣམ་གྲངས་ཚང་མའི་ལས་འགོ་ཚུགས་པའམ་བསྐྱར་ཚུགས་བྱས་པ།

放大 缩小 默认

༄༅། །རྨོ་བོ་ལགས།

□ 作者 ཚེ་རིང་དར་མཚོ།

མཛེས་སྡུག་ཡི་གར་འོངས་བའི་གོ་ལ་རིལ་མོ་འདིའི་ཐོག་གནས་བཅའ་བའི་སྐྱེ་བོ་ཡོད་རྒུར་ རང་ཉིད་ཀྱི་སེམས་ཁོངས་སུ་བག་ཆགས་ཟབ་ལ་ཆེས་བརྗེད་པར་དཀའ་བའི་མི་སྣ་ཞིག་ཡོད་ངེས་ལ་ང་ཡང་དེ་བཞིན་ནོ། །

མི་བུ་དེ་ནི་ཆུ་ཆེན་གྱིས་ཁུར་མི་ཐུབ་ལ། ལོ་ཟླའི་ཆར་ཆུས་ཀྱང་གསུབ་མི་ཐུབ་པར་བདག་གི་ ཡིད་སེམས་མེ་ལོང་ངོས་སུ་རི་མོ་བཞིན་ང་རང་ཇི་སྲིད་གནས་པ་དེ་སྲིད་དུ་མཉམ་དུ་གནས། བདག་གི་གསལ་ལ་མི་གསལ་བའི་བྱིས་དུས་འཚོ་བའི་དྲན་ཤེས་ཁྲོད། ཁྱེད་ནི་ཅི་འདྲའི་བྱམས་བརྩེ་ལྡན་ལ། བྱ་བ་ཆེ་ཆུང་ཀུན་ལ་མཁས་ཤིང་། འཚོ་བའི་ཉམས་མྱོང་ཟབ་ལ་ལྟ་རྒྱ་མཐོང་རྒྱ་ཆེ་བའི་བགྲེས་སོང་ཞིག་ལགས། ཁྱེད་ཀྱི་བྱམས་བརྩེའི་འོག་བདག་ནི་མྱུ་གུ་ཆུང་ཆུང་ཞིག་དང་འདྲ་བར་ནར་སོན། གལ་ཏེ་བདག་ནི་མྱུ་གུ་ཞིག་ལ་ངོས་བཟུང་ན། ཁྱེད་ནི་གང་འདིར་རྩི་བཅུད་བྱིན་པའི་ཉི་མ་ཞིག་ཡིན་པ་བཤད་ག་ལ་དགོས།

ཨེ་མ། ཁྱེད་ནི་ངའི་འཚར་ལོངས་ཀྱི་ལམ་བུའི་ཁྲོད་རླབས་ཆེན་གྱི་མི་སྣ་ཞིག་ཡིན་ལ། ངའི་འཚོ་བའི་རྣམ་ཤེས་སྦྲུམ་པའི་འབྱུང་རྩ་ལགས། ཆུང་དུས་རྨོ་བོ་ལགས་ཀྱིས་ཞི་འཇམ་ངང་བདག་ལ་སྒྲུང་གཏམ་མང་པོ་གསུངས་མྱོང་བ་མ་ཟད། མེས་པོའི་སྲོལ་རྒྱུན་གྱི་ཉམས་དང་ལྡན་པའི་ཡིག་གཟུགས་འབྲི་སྟངས་ཀྱང་བསླབས་མྱོང་། ད་དུང་མི་གང་འདྲ་ཞིག་བྱེད་དགོས་མིན་གྱི་གནས་ལུགས་ཀྱང་རྟོགས་པར་བྱས་བྱུང་། རྨོ་བོ་ལགས། ཁྱེད་ནི་ཉི་མ་བཞིན་དུ་དྲོ་ལ། ཟླ་བ་བཞིན་དུ་གསལ། བདག་གི་མི་ཚེ་ཧྲིལ་པོར་འོད་སྣང་སྦྱིན། ང་ནི་ཁྱེད་ལ་དུངས་ཤིང་ཁྱེད་ལ་དགའ། ཁྱེད་ནི་བྱམས་བརྩེ་ལྡན་ཞིང་། གཞུང་དྲང་ཆེ། བསམ་པ་བཟང་ལ། ང་རང་གསོ་སྐྱོང་གི་འགན་འཁྲི་ཁུར་མྱོང་ལགས།

ཁྱེད་ཀྱི་སྐུ་ལུས་ལོ་ཟླའི་མནར་གཅོད་ཀྱིས་བཅོམས་ཞིང་གཞུ་མོ་བཞིན་གུག་ན་ཡང་དྭངས་གཙང་ལྷད་མེད་ཀྱི་གཤིས་ཀ་ནི་མདའ་མོ་བཞིན་དུ་དྲང་བས། གལ་ཏེ་ང་རང་ཚིག་སྦྱོར་གྱིས་ཕྱུག་པའི་སྙན་ངག་མཁན་ཞིག་ཡིན་ཚེ། ངས་སྙན་འཇེབས་ལྡན་པའི་ཚིག་སྦྱོར་གྱི་བང་མཛོད་ཕྱེས་ཏེ་ཁྱེད་ཀྱི་བྱམས་སེམས་ལ་བསྔགས་པའི་བསྟོད་དབྱངས་དཀྲོལ་སྲིད། གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ཚེ། ངས་རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་མང་པོས་ཁྱེད་ཀྱི་གཉེར་རིས་དང་མི་ཚེ་རེ་རེ་མཛེས་སྡུག་གིས་འབྲི་སྲིད། རྨོ་བོ་ལགས་ཁྱེད་སྐུ་ཚེ་རིང་བར་ཤོག། སྨོན་འདུན་བཟང་པོ་འདི་ནི་ཁོ་བོས་ཐུབ་པའི་ལས་ཀ་ཉག་ཅིག་དེ་ལགས་ན། ཚ་བོའི་གསོལ་སྨོན་གྱིས་སྐུ་ཚེ་རི་རྒྱལ་བཞིན་ཏུ་བརྟན་པར་ཤོག །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明