http://zw.xzqnb.cn/Content/weixinlogo.png
ང་རང་གི་ངོས་ནས་བཤད་ན། གཟའ་འཁོར་གཅིག་གི་འགྲོ་སོང་མཐོ་ཤོས་སྒོར་
http://zw.xzqnb.cn/m/content/2024-04/05/000576.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་།

༄༅། །དྲིན་ཆེན་གྱི་མ་ཡུམ།

༄༅། །བརྗེད་ཐབས་མེད་པའི་རྒན་ལགས།

བོད་གསར་པའི་ནང་འཚར་ལོངས་བྱུང་བའི་མགོན་པོས་དུས་རབས་གསར་པའི་འཕོ་འགྱུར་གླེང་བ།

等待处理…

༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་།

作者 བུ་མོ་ཨ་ནམ།
2024年04月05日

ང་རང་གི་ངོས་ནས་བཤད་ན། གཟའ་འཁོར་གཅིག་གི་འགྲོ་སོང་མཐོ་ཤོས་སྒོར་ལྔ་བཅུ་དང་ཉུང་དུས་སྒོར་ཉི་ཤུ་ལྷག་ཡིན། གཟའ་འཁོར་གཅིག་ལ་སྒོར་ལྔ་བཅུ་ཙམ་སོང་ན་ང་རང་གི་སེམས་པ་ཧ་ཅང་མི་སྐྱིད་པ་ཞིག་ཏུ་འགྱུར་གྱི་འདུག དེ་ནི་ང་རང་སེར་སྣ་ཆེ་བས་མ་ཡིན་ཏེ། གང་ཡིན་ཟེར་ན། ནང་གི་དཔལ་འབྱོར་ཡོང་ཁུངས་ཉུང་ལ་ཁྱིམ་ནང་ལ་སློབ་ཆེན་འགྲིམས་བཞིན་པའི་ཨ་ཅག་གཉིས་ཡོད། ཁོང་གཉིས་ང་ལས་ཀྱང་འགྲོ་སོང་ཆེ་བ་བཤད་ཅི་ལ་དགོས།

གཟའ་འཁོར་གཅིག་གི་འགྲོ་སོང་ནི་གཤམ་གསལ་ལྟར། ལུས་རྩལ་སློབ་ཚན་ལ་འགྲོ་སོང་ཆེ་བ་འདུག གང་ཡིན་ཟེར་ན། ལུས་རྩལ་སློབ་ཚན་དུས་སུ་ང་ཚོ་བུ་མོ་ཚོ་ཚོང་ཁང་ནང་དུ་རྔན་པ་ཉོ་རུ་མཉམ་དུ་སོང་དུས་ཉོ་ཤོར་འགྲོ་གི་འདུག གཟའ་འཁོར་འདི་ནས་བཟུང་ལུས་རྩལ་སློབ་ཚན་མེད་པས་ཚོང་ཁང་ནང་དུ་སྤྱིར་བཏང་འགྲོ་གི་མེད། དངུལ་འགྲོ་ས་གཙོ་བོ་ནི་ཞོགས་པ་དང་ཕྱི་དྲོ་ཁ་ལག་བཟས་ཚར་རྗེས་ཟ་ཁང་ཐོག་བརྩེགས་གཉིས་པར་ཕྱིན་ནས་ཁ་སྣོན་ཏོག་ཙམ་ཉོས་ནས་ཟ་ཡི་ཡོད། ང་ཚོའི་སློབ་གྲྭའི་ཉིན་དང་པོའི་ཞོགས་ཟས་མོག་མོག་ཡིན་པས་དེ་དུས་ཟ་ཡི་ཡོད། ཉིན་གཉིས་པ་ཚལ་མང་པོ་མཉམ་དུ་ཞིབ་ཞིབ་བྱས་པའི་ཚལ་མོག་གཅིག་ཡོད་ཀྱང་དེ་ཟ་དུས་ཞེ་མེར་ལངས་ཀྱི་འདུག་པས་ཐོག་བརྩེགས་གཉིས་པ་ལ་ཕྱིན་ནས་བུལ་ཐུག་གཅིག་དང་སྒོ་ང་གཅིག་ཟ་གི་ཡོད་པ་དེ་ལ་བསྡོམས་སྒོར་ལྔ་ཡིན། དེ་འདྲ་གཟའ་འཁོར་གཅིག་ནང་ཐེངས་གསུམ་ཟ་ཡི་ཡོད། མཚམས་རེ་སྨྱུ་གུ་དང་ཟིན་བྲིས་སོགས་ཉོ་དུས་སྒོར་སུམ་ཅུ་ལྷག་ཙམ་འགྲོ་གི་འདུག མཐོ་གསུམ་དང་བསྡུར་ན་མཐོ་གཅིག་མཐོ་གཉིས་སྐབས་སུ་དངུལ་མང་བ་འགྲོ་གི་འདུག དེ་དུས་དུས་ཚོད་མང་པོ་ཡོད་པས་ཚོང་ཁང་དུ་འགྲོ་བའི་གོ་སྐབས་ཀྱང་མང་བས་ཡིན། མཐོ་གསུམ་ལ་སླེབས་དུས་འགྲོ་སོང་ཉུང་དུ་སོང་། ཉིན་བཞི་པའི་ཕྱི་དྲོའི་ཁ་ལག་སྒོང་འབྲས་མཁྲེགས་པོ་སྣུམ་དྲི་ཚ་ལ་ཞག་ཚི་ཆེ་བ་དེར་སློབ་མ་ཚང་མས་དགའ་པོ་མི་བྱེད། ང་དང་གྲོགས་མོ་ཡང་ཟ་ཁང་ཐོག་བརྩེགས་གཉིས་པར་ཕྱིན་ནས་བཏུང་བྱ་སྒོར་གཅིག་བྱས་པ་གཅིག་དང་བྱ་ཤ་སྲེག་མ་སྒོར་གཉིས་བྱས་པ་གཅིག་ཉོས་ནས་ཁ་ལག་གི་ནང་དུ་བླུགས་ཏེ་ཟ་ཡི་ཡོད། ཡང་སློབ་གྲོགས་ཁ་ཤས་ཀྱིས་རྔན་པ་མང་པོ་སྟེར་གྱི་ཡོད་པས་ཉིན་རྟག་པར་གཞན་གྱི་ཅ་ལག་བཟས་ན་ཡག་པོ་མེད་པས་སྐབས་རེ་ང་རང་གིས་ཀྱང་རྔན་པ་ཉོས་ནས་ཁོ་ཚོ་ལ་སྟེར་གྱི་ཡོད། སློབ་གྲྭའི་ཚོང་ཁང་ནང་དུ་ཡོད་པའི་ཅ་ལག་མང་ཆེ་ཤོས་ཕྱི་དང་བསྡུར་ན་གོང་མཐོ་པོ་འདུག འོན་ཀྱང་ཚོང་ཁང་གཅིག་དང་ཟ་ཁང་གཅིག་ལས་མེད་པ་མ་ཟད་ང་ཚོ་ཕྱི་ལ་འགྲོ་མི་ཆོག་པས་མི་ཟ་ཀ་མེད་རེད་ལ་མི་ཉོའང་ཀ་མེད་རེད། དེར་བརྟེན་ང་རང་ནི་གཟའ་འཁོར་གཅིག་ལ་ཆ་སྙོམས་སྒོར་སུམ་ཅུ་ལྷག་ཙམ་འགྲོ་གི་འདུག

ངའི་ཁྱིམ་ནི་འབྲོག་པ་ཡིན་ལ་ངལ་རྩོལ་ནུས་ཤུགས་ཨ་མ་དང་གཅེན་མོ་ཆེ་བ་གཉིས་མ་གཏོགས་མེད། དེར་བརྟེན་ངས་གང་ཐུབ་ཅི་ཐུབ་ཀྱིས་གྲོན་ཆུང་བྱེད་ཀྱི་ཡོད། སློབ་ཁང་དང་ཉལ་ཁང་གི་སློབ་མ་མང་པོ་ཁྱིམ་ཚང་ཆ་རྐྱེན་ཧ་ཅང་ཡག་པོ་འདུག ཁོ་ཚོའི་གཟའ་འཁོར་གཅིག་གི་འགྲོ་སོང་དེ་ངའི་ངོས་ནས་བཤད་ན་གཟའ་འཁོར་གསུམ་ཙམ་འདང་གི་འདུག ཡིན་ནའང་ངས་དེ་ལ་ཡིད་སྨོན་བྱེད་ཀྱི་མེད། རྒྱུ་མཚན་ནི་ང་ཚོ་ཚང་མ་ཕ་མའི་ནོར་བུ་ལྟ་བུ་ཡིན། ཕ་མས་ང་ཚོའི་ཆེད་དུ་རང་སྲོག་འབེན་བཙུགས་ཀྱིས་དངུལ་སྒོར་རྡོག་གཅིག་ནས་བསགས་ཀྱི་ཡོད་པ་གཅིག་མཚུངས་རེད། ཁྱིམ་ཚང་སོ་སོར་གནས་ཚུལ་མི་འདྲ་བ་ཡོད། ཁ་ཤས་ནི་ཧ་ཅང་ཕྱུག་དྲགས་ནས་དངུལ་བེད་སྤྱོད་གང་འདྲ་བཏང་དགོས་མིན་མི་ཤེས། ཡང་ཁ་ཤས་ནི་དབུལ་དྲགས་པས་དངུལ་སྒོར་གཅིག་ཡིན་ཡང་གསེར་ནང་བཞིན་མཐོང་ཆེན་བྱེད། དེར་བརྟེན་དོན་དངོས་ཀྱི་སྣང་ཚུལ་དེ་དག་གིས་ངའི་བསམ་བློར་འགྱུར་ལྡོག་ཤུགས་ཆེན་ཐེབས། ཡིན་ནའང་ཐེངས་དུ་མར་ངས་རང་ཉིད་ཀྱི་ཐོག་མའི་འཆར་གཞི་ལས་བརྒལ་ཏེ་དངུལ་མང་ཙམ་གཏོར་བའང་ཡོད། སྐབས་རེ་སློབ་གྲྭའི་ཁ་ལག་བཟས་རྗེས་ད་དུང་སྒོར་གཉིས་གསུམ་ཡིན་པའི་ཤ་སྲེག་ཉོ་ཡི་ཡོད། གཟའ་མཇུག་ལ་ཨ་མ་དང་སྐད་ཆ་ལབ་དུས་ཨ་མས་ང་ལ་དངུལ་ལྷག་ཨེ་ཡོད་ཟེར་དུས། མེད་ཅེས་ཟེར་དགོས་ན་ཧ་ཅང་ངོ་ཚ་བ་ཞིག་འདུག དེར་བརྟེན་དུས་རྟག་ཏུ་ཏོག་ཙམ་ལྷག་པ་བྱེད་ཀྱི་ཡོད། །

ལྷ་ས་ཅང་སུའུ་ཚོད་སློབ་ལོ་རིམ༣(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博