http://zw.xzqnb.cn/Content/weixinlogo.png
འཇིག་རྟེན་དེའི་ཐོག་ཏུ་ཡོད་པའི་སྐྱེ་བོ་ཚང་མར་རང་ཉིད་དགའ་ཤོས་ད
http://zw.xzqnb.cn/m/content/2024-03/15/000544.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སྐྲ་ལོ་དཀར་པོ།

༄༅། །ཁ་པར།

༄༅། །ངའི་ཨ་མ་ལགས།

༄༅། །མུན་སེལ་སྒྲོན་མེ།

等待处理…

༄༅། །ངའི་ཨ་མ་ལགས།

作者 སྐྱིད་འཛོམས།
2024年03月15日

འཇིག་རྟེན་དེའི་ཐོག་ཏུ་ཡོད་པའི་སྐྱེ་བོ་ཚང་མར་རང་ཉིད་དགའ་ཤོས་དང་བརྩེ་ཤོས་ཀྱི་མི་རེ་ཡོད་ངེས་རེད། གུས་མོར་མཚོན་ན་ངའི་སེམས་ནང་དགའ་ཤོས་དང་བརྩེ་ཤོས་ཀྱི་མི་དེ་ངའི་ཨ་མ་ལགས་ཡིན། ཁོང་གི་སྐུ་གཟུགས་ནི་དེ་ཙམ་རིང་པོ་མེད། འོན་ཀྱང་ཞལ་རས་དཀར་ལ་སྤྱན་གཉིས་ཆེན་པོ་ཞིག་ཡོད། གཤིས་ཀ་ནི་བལ་ལས་འཇམ་ཞིང་ངང་རྒྱུད་ཆུ་ལས་རིང་།

ང་ནི་ཕྲུ་གུ་གཞན་དང་མི་འདྲ་བར་གྲོང་ཚོ་ཆུང་ཆུང་ཞིག་གི་ནང་སྐྱེས་པ་དང་། ཨ་མ་ལགས་ཀྱི་སྐུ་ལས་ཚད་མེད་བསྐྱོན་ནས་གྲོང་ཁྱེར་ནང་དུ་རིག་གནས་སྦྱོང་བར་བཏང་བ་མ་ཟད། ད་དུང་ང་ལ་གོས་གང་དྲོ་གང་མཛེས་ཉོས་པ་དང་། ཟས་གང་ཞིམ་ཉོས་པས་ངའི་མི་ཚེའི་ནང་བཀའ་དྲིན་ཆེ་ཤོས་ནི་ངའི་ཨ་མ་ལགས་ཡིན།

ན་ནིང་ང་སློབ་ཆུང་ཐོན་ནས་ཕ་ཡུལ་ལ་ལོག་པའི་དུས། ང་དང་ཨ་མ་ལགས་མཉམ་དུ་ཞིང་ཆུ་གཏོང་བར་འགྲོ་དུས་ཨ་མ་ལགས་ཀྱི་དབྱར་ཁ་ཚ་བ་ཆེན་པོ་དེའི་ནང་དུ། དཀའ་སྤྱད་འབད་བརྩོན་གྱིས་ཞིང་ལས་བྱེད་པའི་སྐབས་ཀྱི་རྒྱབ་གཟུགས་ལ་བལྟས་པས། རིམ་བཞིན་ཁོང་དགུན་ཁ་ཡང་གྲང་ངར་ཆེན་པོ་དེའི་ནང་ལས་ཀ་བྱེད་དགོས་པ་མ་ཟད། གྱོན་ཆས་ཀྱང་མཐུག་པོ་མེད་པ་བསམ་བློ་འཁོར་དུས་ངའི་སེམས་ནང་དུ་ཁུར་པོ་རྒྱ་མ་སྟོང་ཕྲག་གི་མནན་པ་དང་འདྲ་བར་དབུགས་ཀྱང་གཏོང་དཀའ་བར་འགྱུར་བ་དང་མིག་ནང་ཅི་ཞིག་འཛུལ་བ་དང་འདྲ་བར་མིག་ཆུ་ཆུ་ལྟར་བཞུར། ལོ་དེ་དག་རིང་ཁོང་གིས་ང་ལ་མུ་མཐུད་དུ་གཅེས་སྐྱོང་གནང་བཞིན་ཡོད་ལ་ཟས་གང་ཞིམ་གོས་གང་མཛེས་ང་ལ་སྤྲད་པ་སོགས་ཁོང་གིས་ང་ལ་གནང་བའི་བྱམས་བརྩེ་ནི་བར་མི་ཆད་པའི་སྦྲང་ཆར་ལྟར་ངའི་སྙིང་དུ་ཟུགས་ཡོད།

ཁོང་ནི་ངའི་ལུས་བརྟེན་གནང་མཁན་ནམ་ཚེ་སྲོག་གནང་མཁན་དེ་ཡིན་པས་ངའི་ངོས་ནས་བརྗོད་ན་ཁོང་ནི་བཀའ་དྲིན་ཆེ་ཤོས་ཀྱི་མི་ཞིག་ཡིན། ད་ལྟ་ངས་ཁོང་ལ་བཀའ་དྲིན་འཇལ་མི་ཐུབ་ཀྱང་ངས་རྗེས་སུ་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཁོང་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་སྐལ་བ་ལྡན་པ་བྱ་རྒྱུ་དམ་བཅའ་བཞག་གི་ཡིན་ནོ། །

ལྷ་ས་སློབ་འབྲིང་གསུམ་པ།

ཟུར་ཁྲིད་དགེ་རྒན། རྡོ་རྗེ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博