http://zw.xzqnb.cn/Content/weixinlogo.png
དགེ་བའི་བཤེས་གཉེན་ཁོང་རྣམས་ནི་ང་ཚོའི་མུན་སེལ་སྒྲོན་མེ་དང་མཚུ
http://zw.xzqnb.cn/m/content/2024-03/15/000545.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སྐྲ་ལོ་དཀར་པོ།

༄༅། །ཁ་པར།

༄༅། །ངའི་ཨ་མ་ལགས།

༄༅། །མུན་སེལ་སྒྲོན་མེ།

等待处理…

༄༅། །མུན་སེལ་སྒྲོན་མེ།

作者 བསྟན་འཛིན་སྒྲོ་མ།
2024年03月15日

དགེ་བའི་བཤེས་གཉེན་ཁོང་རྣམས་ནི་ང་ཚོའི་མུན་སེལ་སྒྲོན་མེ་དང་མཚུངས་ལ་ང་ཚོར་འོད་ཟེར་སྟོང་ལྡན་གྱི་ལམ་བུ་གནང་མཁན་ཞིག་ཡིན་ཁོང་རྣམས་ཀྱིས་རང་གི་ཡོད་ཚད་ལེགས་སྐྱེས་སུ་འབུལ་བཞིན་ཡོད་པས་ང་ཚོའི་ཕ་མ་དང་ཁྱད་མེད།

གུས་མོར་ཡང་མུན་སེལ་སྒྲོན་མེ་ལྟ་བུའི་དགེ་བའི་བཤེས་གཉེན་བཟང་པོ་ཞིག་ཡོད་དེ་ནི་ང་ཚོའི་བོད་ཡིག་རྒན་ལགས་ཡིན། ཁོང་ད་ལོ་དགུང་ལོ་སུམ་ཅུ་ཡས་མས་ཙམ་ཟིན་པ་དང་སྐུ་གཟུགས་རིང་ལ་སྐུ་ཤ་རིད་པ་དང་། ཞལ་རས་ནི་དཀར་གསལ་ཟླ་བ་དང་འདྲ་ལ་སྤྱན་གཉིས་ནི་ཁྲ་ཞིང་སྒོར་བ་དུས་རྒྱུན་ན་བཟའ་ཚོན་མདོག་དཀར་པོ་ནག་པོ་གྱོན་རྒྱུར་ཤིན་ཏུ་དགའ་པོ་ཡོད།

ཁོང་ང་ཚོའི་བོད་ཡིག་རྒན་ལགས་གནང་ནས་ད་བར་ལོ་གསུམ་ཙམ་སོང་བས་དེའི་ནང་རྒན་ལགས་མོ་རང་གི་སློབ་ཁྲིད་ཐབས་ཤེས་ཧ་ཅང་གི་བཟང་པོ་ཡོད་པས། སློབ་མ་མང་ཆེ་བའི་བོད་ཡིག་རྨང་གཞི་ཡང་ཡག་པོ་ཡོད་ལ་བོད་ཡིག་སློབ་ཚན་ལ་ཧ་ཅང་གི་དགའ་པོ་ཡོད། ཁོང་གིས་ང་ཚོར་སློབ་ཚན་སྐབས་ཧ་ཅང་གི་ནན་པོ་གནང་ཡོད་ལ་སློབ་མ་ཕྱོགས་ཡོངས་ལ་ཁ་ཕྱོགས་སྟེ་ཉི་རིང་ཆགས་སྡང་མིན་པར་ང་ཚོའི་ཆེད་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གནང་ནས་རིག་གནས་བསླབས་གནང་གི་ཡོད། ད་བར་ཁོང་གིས་ང་ཚོ་བྱམས་ཀྱི་བསྐྱངས་པས་སློབ་ཚན་སྐབས་དགེ་སློབ་ཀྱི་འབྲེལ་བ་དང་སློབ་ཚན་གྲོལ་རྗེས་གྲོགས་པོའི་བར་གྱི་འབྲེལ་བ་ལྟ་བུ་ཞིག་ཡིན་ང་ཚོའི་མཛའ་བརྩེ་ལྷག་བསམ་འོ་ཆུ་གཅིག་འདྲེས་ལྟར་ཡིན།

དགེ་བའི་བཤེས་གཉེན་ལགས། ཁྱེད་ནི་ང་ཚོའི་བློ་ཡི་མུན་པ་སེལ་མཁན་དང་ཤེས་རིག་གི་འོད་སྣང་སྦྱིན་མཁན་ཡིན་པས། ཁྱེད་རྣམ་པའི་བླ་ན་མེད་པའི་མཛད་རྗེས་རྣམས་ལ་མཐེ་མོང་མི་བསྒྲེངས་མཁན་གཅིག་ཀྱང་མེད་ང་ཚོས་ཁྱེད་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཆུན་པོ་འབུལ་རྒྱུ་ཡིན། ངའི་བརྩེ་བའི་རྒན་ལགས་ཁྱེད་རྣམས་སྐུ་ལས་ཁག་སོང་ངོ་། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博