http://zw.xzqnb.cn/Content/weixinlogo.png
ང་རང་ལམ་བུ་མང་པོར་བསྐྱོད་མྱོང་ཡོད། འོན་ཀྱང་ཆེས་དགའ་བ་ནི་ཁྱིམ་
http://zw.xzqnb.cn/m/content/2024-03/08/000532.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དུས་ཀྱི་བདག་མོ།

༄༅། །བདག་གི་ཕ་ཡུལ།

༄༅། །ངའི་ཕ་ཡུལ།

མི་རིགས་མཐུན་སྒྲིལ་མེ་ཏོག་རྣམ་པར་བཞད། བདེ་སྐྱིད་འཚོ་ བར་གཡུར་ཟའི་འབྲས་བཟང་སྨིན།

等待处理…

༄༅། །བདག་གི་ཕ་ཡུལ།

作者 བསྟན་འཛིན་རྒྱལ་པོ།
2024年03月08日

ང་རང་ལམ་བུ་མང་པོར་བསྐྱོད་མྱོང་ཡོད། འོན་ཀྱང་ཆེས་དགའ་བ་ནི་ཁྱིམ་ལ་ལོག་པའི་ལམ་ཆུང་དེ་ཡིན། ང་རང་སློབ་འབྲིང་ལོ་རིམ་དང་པོའི་སྐབས་སུ་གྲོང་ཁྱེར་ནས་འབྲོག་སྡེ་རུ་ལོག་ཕྱིན་པ་ཡིན། དེ་དུས་ང་རང་གི་སེམས་ནི་ཤིན་ཏུ་དགའ་ལ་སྣང་བ་ཡང་ཤིན་ཏུ་སྐྱིད།

དེ་ཉིན་དགོང་མོར་སླེབས་པས་ང་ལམ་སེང་གཉིད་དུ་ཡུར་འདུག ཕྱི་ཉིན་ཞོགས་པ་གཉིད་སད་རྗེས་ནམ་མཁའ་གཡའ་དག་པ་དང་སྤྲིན་པ་ཐར་ཐོར་དུ་གཡོ་བ་ཤིན་ཏུ་མཛེས་ལ་ཁ་ཁུ་སིམ་པ་ཞིག་ཀྱང་འདུག་ངས་ཡར་ལངས་རྗེས་གྲོང་པའི་ནང་གི་ཕྲུ་གུ་རྣམས་དང་རྩེད་མོ་རྩེ་རུ་ཕྱིན་པ་དང་། ང་ཚོས་མཉམ་དུ་ཕ་མ་ལ་རོགས་བྱས་ནས་གླིང་ཁ་གཏོང་བར་ཕྱིན་པས་དེ་དུས་ང་རང་གྲོང་ཁྱེར་གྱི་སློབ་གྲྭ་བ་ཞིག་ཡིན་པ་བརྗེད་འདུག །

ངའི་ཕ་ཡུལ་གྱི་རི་ནི་གངས་ཀྱི་གཏུམ་ལ་གཅིག་འཇུག་གཉིས་མཐུད་ཀྱི་ཤིན་ཏུ་མཛེས་ཤིང་། ཆུ་ནི་གཙང་ཆུ་ཡན་ལག་བརྒྱད་ལྡན་ཡིན། རྩྭ་རྩི་ཤིང་ཤིན་ཏུ་མང་ལ་དེའི་ཐོག་ཏུ་རྟ་ནོར་ལུག་གསུམ་ཡང་མང་པོ་ཡོད།རི་མཐོ་བ་དབུ་རྩེ་གངས་ཀྱིས་རྒྱན། ཆུ་གཙང་བ་ཆུ་ཡི་མགོ་མ་ཡིན། རྩྭ་རྩི་ཤིང་ལས་སྨན་གྱི་དྲི་བཟང་འཐུལ་བའི་གནས་འདི་ནི་ང་ཡི་ཕ་ཡུལ་ཡིན།

ངའི་སྣང་བར་ཟང་ཟིང་འུར་སྒྲས་ཁེངས་པའི་གྲོང་ཁྱེར་ལས་ལྷིང་འཇགས་ཁུ་སིམ་པའི་འབྲོག་སྡེ་སྐྱིད། ཡིན་ནའང་ང་ད་ལྟ་ཕ་ཡུལ་གྱི་ཕྲུ་གུ་ཚོ་དང་མཉམ་དུ་རྩེད་མོ་རྩེ་འདོད་ལ་ཕ་མ་དང་མི་ཚོགས་མཉམ་དུ་དགའ་སྤྲོས་ཁེངས་འདོད། འོན་ཀྱང་རང་གི་ཕུགས་བསམ་གྱི་ཆེད་དུ་ང་རང་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་དང་དུ་བླངས་པའི་རང་ཡུལ་གྱི་ཆེད་དུ་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ནས་ཕ་ཡུལ་དེ་སྔར་ལས་རྒྱས་པ་ཞིག་བཟོ་རྒྱུ་དམ་བཅའ་ཞིག་ཡོད། སེམས་སུ་འཆར་བའི་འབྲོག་སྡེ་འདི་ནི་ངའི་སུམ་རྩེན་གྱི་ཞིང་རེད། གང་ན་ལྷིང་འཇགས་དང་སྤྲོ་བ་ཡོད་ན་དེ་ན་ངའི་ཕ་ཡུལ་ཆགས་ཡོད། ནམ་ཡིན་ཡང་ཕ་ཡུལ་ལ་ལོག་པའི་འདུན་པ་ཡལ་བ་མེད་ཅིང་ང་ཚོའི་ལྷད་མེད་ཀྱི་བརྩེ་སེམས་ཕ་ཡུལ་དུ་མ་གཏོགས་གཞན་ལ་མེད་པ་ཡིན། གྲོང་ཁྱེར་གྱི་གློག་སྒྲོན་ཇི་འདྲའི་གསལ་ཡང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དེ་འཕྲོག་ཐབས་བྲལ།

སྐབས་དང་སྐབས་སུ་ཕ་མ་རྣམ་གཉིས་གང་དུ་བཞུགས་ན་དེ་ནི་ད་གཟོད་ཕ་ཡུལ་ཡིན་སྣང་སྐྱེས་ཤིང་ནམ་ཞིག་ཁོང་རྣམ་གཉིས་དང་ལྷན་དུ་ཕ་ཡུལ་ཡང་མེད་འགྲོ་བར་ཞེད་སྣང་སྐྱེས་པ་མ་ཟད། སྐབས་དང་སྐབས་སུ་ང་རང་གང་འགྲོ་འདི་འགྲོ་མེད་པའི་འཁྱམ་པ་ལྟར་འགྱུར་གྱིན་པའི་ཚོར་བ་དྲག་པོ་ཞིག་ཡོང་གིན་འདུག་གོ །

ལྷ་ས་སློབ་འབྲིང་གསུམ་པ།

ཟུར་ཁྲིད་དགེ་རྒན། རྡོ་རྗེ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博