http://zw.xzqnb.cn/Content/weixinlogo.png
གནམ་འོག་གི་སྐྱེ་བོ་ཀུན་ལ་རང་རང་གི་གཅེས་པར་འོས་པའི་ཕ་ཡུལ་ཞིག་
http://zw.xzqnb.cn/m/content/2024-03/01/000523.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གང་ལྟར་ནར་སོན་དགོས།

༄༅། །བདག་གི་ཕ་ཡུལ།

༄༅། །རྨི་ལམ།

等待处理…

༄༅། །བདག་གི་ཕ་ཡུལ།

作者 མགོན་པོ་བཀྲ་ཤིས།
2024年03月01日

གནམ་འོག་གི་སྐྱེ་བོ་ཀུན་ལ་རང་རང་གི་གཅེས་པར་འོས་པའི་ཕ་ཡུལ་ཞིག་ཡོད་ངེས་རེད། ངའི་གཅེས་པར་འོས་པའི་ཕ་ཡུལ་ནི་མཛེས་སྡུག་ཡིད་དུ་འོང་བའི་གནས་མཆོག ཕུ་ལ་རྟ་ནོར་ལུག་གསུམ་གྱིས་གང་ཞིང་། མདའ་ན་ཞིང་ཐང་གྲུ་བཞིས་སྐོར་བ། གངས་ལྗོངས་ས་མཐོའི་ཞིང་གི་ལྟེ་བར་གནས་པའི་མལ་གྲོ་གུང་དཀར་ཞེས་པ་དེ་ཡིན།

རེད་ཨང་། གལ་ཏེ་ང་རང་དབྱངས་ཀྱི་མགྲིན་པ་མཛེས་པའི་གཞས་པ་ཞིག་ཡིན་ཕྱིན། ངས་ལྷ་མོ་དབྱངས་ཅན་མའི་ངག་དེ་འཁྱུག་ཙམ་ཞིག་གཡར་རོགས་ཞུས་ཏེ་བདག་གི་ཕ་ཡུལ་ལ་བསྟོད་པ་བྱེད་སྲིད།

གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ཚེ། ངས་ཚོན་མདོག་སྣ་ལྔ་བེད་སྤྱད་དེ་བདག་གི་ཕ་ཡུལ་དེ་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་བཀོད་སྲིད། གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ཚེ་ངས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་གང་མང་ཞིག་བེད་སྤྱད་ནས་སྙན་ངག་གི་ལམ་ནས་བདག་གི་ཕ་ཡུལ་ལ་བསྟོད་བསྔགས་བྱེད་སྲིད།

བདག་ཆུང་བྱིས་པའི་དུས་ནས་ཕ་ཡུལ་གྱི་མིང་ལ་མལ་གྲོ་གུང་དཀར་ཞེས་བཏགས་དགོས་དོན་གང་ཡིན་པའི་ཐད་ལ་བསམ་གཞིགས་གང་མང་བྱེད་མྱོང་། ཅུང་ཟད་ནར་སོན་པ་དང་སྦྲགས་ངས་ཕ་ཡུལ་གྱི་ཨ་མྱེས་དང་ཨ་ཁུ་དག་ལ་བཀའ་འདྲི་ཞུ་སྐབས་གཞི་ནས་ཤེས་རྟོགས་བྱུང་བར། དེར་བཤད་སྲོལ་ཁག་གཉིས་ཙམ་འདུག གཅིག་ནི་དགེ་ལུགས་བསྟན་པའི་སྲོལ་འབྱེད་པ་རྗེ་ཙོང་ཁ་པ་ཆེན་མོ་སྔར་མལ་གྲོ་གུང་དཀར་དུ་ཞག་སྡོད་གནང་མྱོང་འདུག དེ་ནུབ་ཁོང་གཟིམ་མལ་ཤིན་ཏུ་དྲོ་པོ་བྱུང་བ་མ་ཟད་ཨ་སྔོན་དབྱིངས་སུ་བཅོ་ལྔའི་དུང་ཟླ་ཤར་བས་གུང་ཡང་དཀར་བའི་རྐྱེན་གྱིས་མལ་དྲོ་གུང་དཀར་ཞེས་བཏགས་ཟེར། གཞན་ཞིག་ནི་མལ་དྲོ་ཞེས་པ་ནི་གླུ་རྒྱལ་མལ་གྲོ་གཟིན་བྱིན་གྱི་ས་ཆ་ཡིན་པས་ཀླུ་མིང་ཡུལ་ལ་ཐོགས་པ་རེད་ཅེས་དམངས་ཁྲོད་དུ་ཤོད་སྲོལ་མང་། །

ཕ་ཡུལ་ལ་སྔོ་ལྗང་གི་རི་བོ་དང་དྭངས་པའི་ཆུ་མོ་ཡོད། ད་དུང་གྲགས་ཅན་གྱི་རིག་གནས་ཤུལ་བཞག་ཀྱང་ཧ་ཅང་མང་ཏེ། དཔེར་ན་ཀ་མད་སུམ་བཅུའི་ཡི་གེ་དང་པོ་ཀ་ཞེས་པ་མིང་དུ་བྱས་པའི་ཀ་ཚལ་དགོན། སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་མལ་གྲོ་རྒྱ་མ་ཕོ་བྲང་མི་འགྱུར་བྱམས་པ་གླིང་། ད་དུང་རང་བྱུང་ཆུ་ཚན་གྱི་ཚ་རླངས་མཁའ་ལ་འཕྱུར་བའི་རུ་ཐོག་ཆུ་ཚན། དེ་བཞིན་དུ་རྩ་ཆེའི་རི་སྐྱེས་སྔོ་སྨན་གྱི་རྒྱལ་པོ་དབྱར་རྩ་དགུན་འབུ། གངས་ལྷ་མེ་ཏོག་སོགས་ཤིན་ཏུ་མང་ངོ་། །

ཕ་ཡུལ་དུ་ཕ་མ་ཡོད་པས་ང་ནི་ཕ་ཡུལ་ལ་དགའ་ཞིང་ཕ་ཡུལ་གྱི་མི་ལ་དུང་། ཕ་ཡུལ་དུ་ངའི་ལྟེ་ཁྲག་འཕོས་ཤིང་ངའི་དབུགས་ཀྱི་ཐ་མ་ཡང་ཕ་ཡུལ་དུ་རྔུབ་ངེས། ཕ་ཡུལ་དུ་ངའི་བྱིས་དུས་ཀྱི་ངུ་སྒྲ་དང་རྐང་རྗེས་ཡོད་པས། དྲན་སེམས་ཀྱི་མདའ་མོ་གཞར་ཡང་དེ་ཕྱོགས་སུ་འཕེན་འཆོར། ཕ་ཡུལ་དུ་ངའི་གཞོན་ནུའི་དུས་ཀྱི་རྩེད་གྲོགས་དང་ཨ་མའི་ཐང་ཁུག་ནང་གི་མར་སྤགས་ཀྱི་བྲོ་བ་ཡོད་པས། ཞེན་ཆགས་ཀྱི་བེའུ་ཨ་མར་ཕྲད་པ་ལྟར་ནམ་ཡང་དྲོད་ཁོལ་གྱིས་བརྩེ་བའི་ཆུ་གཏེར་འཁྱིལ་ནས་ཡོད་དོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༩)

ཟུར་ཁྲིད་དགེ་རྒན། བསྟན་འཛིན་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博