西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གང་ལྟར་ནར་སོན་དགོས། ༄༅། །བདག་གི་ཕ་ཡུལ། ༄༅། །རྨི་ལམ།

放大 缩小 默认

༄༅། །རྨི་ལམ།

□ 作者 བསོད་ནམས་སྐྱིད་མོ།

དཔྱིད་ཀའི་དྲི་བཞོན་དལ་བར་ལྡང་བས་འཛིན་མའི་དཀྱིལ་འཁོར་ཡོངས་ཀྱི་སྐྱེ་དངོས་སྣ་ཚོགས་གཏི་མུག་མནལ་ལས་ལངས་ཏེ་གསོན་ཉམས་ལྡན་པར་གྱུར་པ་དང་། སྔོ་བསངས་ལྷ་ལམ་ཡངས་པོས་རབ་དཀར་ཆུ་འཛིན་གྱི་གོས་བཟང་བཀླུབས་ཤིང་དབྱར་སྐྱེས་རྔ་སྒྲ་ལྡིར་ལྡིར་བསྒྲགས་ཏེ་སྤྲིན་གྱི་མེ་ཏོག་ཟིམ་བུ་བབས། སྐབས་དེར་གུས་མོ་ང་ནི་ཁྱིམ་ཚང་དྲོན་མོའི་ནང་དུ་བདེ་བའི་རྨི་ལམ་གྱི་ཞིང་ཁམས་སུ་སླེབས་ཟིན།

རྨི་ལམ་གྱི་ཞིང་ཁམས་སུ་དྲོ་ཞིང་སྐྱིད་པའི་ཚ་ཟེར་ཅན་དང་ལྷུང་ལྷུང་དུ་རྒྱུགས་པའི་དལ་འགྲོ་མ། མཐོ་ཞིང་བརྗིད་ཆགས་པའི་ས་འཛིན། ད་དུང་རྒྱ་ཆེ་ཞིང་གུ་ཡངས་པའི་རྩྭ་ཐང་གི་སྟེང་དུ་སྤྱང་གྲུང་ལྡན་པའི་བྱིས་པ་རྣམས་ཅི་དགར་རྩེད་འཇོར་རོལ་ཞིང་། བྱམས་བརྩེ་ལྡན་པའི་ཕ་མ་རྣམས་ནི་རྟ་ནོར་ལུག་གསུམ་དང་མཉམ་དུ་དགའ་སྐྱིད་ཀྱི་འཚོ་བར་རོལ། དེ་ནས་ཡང་ང་རང་གྲོང་ཁྱེར་དུ་འབྱོར། དེའི་སྔོ་བསངས་ལྷ་ལམ་ནི་སྔོ་ཞིང་གསལ་མཁའ་རླུང་ནི་དྭངས་ཤིང་གཙང་། ཁ་ཟས་ནི་མང་ལ་རོ་བཅུད་ཆེ། ལུས་ལ་གྱོན་པའི་གྱོན་གོས་ལེགས་ཤིང་སྣེ་ཁ་འཛོམས་པས་ལྟོགས་སྐོམ་གྲང་ངར་ལ་སེམས་ཁྲལ་བྱེད་མི་དགོས། ད་དུང་སློབ་གྲྭའི་ནང་དུ་ན་གཞོན་ཚོ་ནི་འབད་བརྩོན་ལྷོད་མེད་ཀྱིས་འབད་བརྩོན་བྱེད་པ། རྒན་འཁོགས་རྣམས་ནི་བསོད་ནམས་ཆེ། སོ་སོའི་བུ་ཕྲུག་ཚོ་ནི་འཇོན་ཐང་ཡོད་པས་སེམས་ཁྲལ་གང་ཡང་མེད་པར་ལུས་སྦྱོང་གནང་གིན་བཞུགས། མདོར་ན་རྨི་ལམ་གྱི་ཞིང་ཁམས་ནི་དེ་འདྲའི་ཁྱད་དུ་འཕགས་པ་ལ་ཨང་། མཇུག་མར་ང་རང་རྨི་ལམ་གྱི་ཞིང་ཁམས་ནས་ཁ་བྲལ་སྐབས་སྤོ་བོ་ལགས་ཤིག་ངའི་མདུན་ཕྱོགས་སུ་ཕེབས་ནས〝བུ་མོ། ད་ཐེངས་ནི་རྨི་ལམ་ཞིག་ཡིན། རང་ལ་ཞིང་ཁམས་ཀྱི་ཆ་ཤས་ཙམ་སྟོན་པ་ལས་དོན་དངོས་ནི་དེ་ལས་ཀྱང་ངོ་མཚར་ཆེ། དེས་ན་ཁྱོད་ཀྱིས་དུས་རྟག་ཏུ་རྒྱུན་ཆད་མེད་པའི་འབད་བརྩོན་བྱེད་དགོས་རྒྱུ་གལ་ཆེ། དེ་ལྟར་བྱས་ན་ཁྱོད་ལ་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་ཡོང་ཐུབ〞གསུངས།

ངས་ཤེས་གསལ་ལ་རྨི་ལམ་ནི་རྨི་ལམ་རང་རེད། འོན་ཀྱང་ངས་རང་གི་འབད་བརྩོན་ལ་བརྟེན་ནས་སེམས་ནང་གི་རྨི་ལམ་གྱི་ཞིང་ཁམས་དེར་འགྲོ་ཐུབ་པ་བྱེད་ངེས་ཡིན། །

ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༣)

ཟུར་ཁྲིད་དགེ་རྒན། དབང་གྲགས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明