http://zw.xzqnb.cn/Content/weixinlogo.png
ཉེ་ཆར། མང་ཚོགས་ཞིག་གིས་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཁྲོམ་གཞུང་མང
http://zw.xzqnb.cn/m/content/2024-02/09/000495.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་པ།

སྦག་སྦག་གི་སྣུམ་བརྐུས་པའི་གྱོད་གཞི་ཞིག་རྩད་བཅད་པ།

བོད་ལྗོངས་ལྷོ་ཁའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་རར་ཚོང་ཟོག་བྲིན་ཁ་རྒྱུག་པ།

རྩལ་ནུས་བསྡུར། འཇོན་ཐང་ངོམས།

སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ནས་ཁྲིམས་སྐྱོང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

等待处理…

སྣེ་གདོང་ཆུས་སྤྱི་བདེ་ཅུས་སྣེ་གདོང་ཁྲོམ་གཞུང་མངགས་གཏོང་ཁང་གིས།

སྦག་སྦག་གི་སྣུམ་བརྐུས་པའི་གྱོད་གཞི་ཞིག་རྩད་བཅད་པ།

2024年02月09日

ཉེ་ཆར། མང་ཚོགས་ཞིག་གིས་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཁྲོམ་གཞུང་མངགས་གཏོང་ཁང་ལ་ལས་ཁུངས་ཁང་པའི་འོག་ཏུ་བཞག་པའི་སྦག་སྦག་གི་སྣུམ་སྒམ་ཁ་ཕྱེ་ནས་སྣུམ་ཚང་མ་བརྐུས་འདུག་ཅེས་ཉེན་དོན་སྙན་སེང་ཞུས་པ་རེད།

ཉེན་དོན་སྙན་སེང་འབྱོར་རྗེས། འབྲེལ་ཡོད་མི་དམངས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱས་ཤིང་། གློག་མིག་ལ་ལྟ་བ་དང་འདྲི་རྩད་ཐེངས་མང་བྱས་རྗེས། ནོར་ཆེ་གེ་མོ་དང་བློ་ཆེ་གེ་མོ་དོགས་ཡོད་ཉེས་ཅན་པར་གཏན་འཁེལ་བྱས་པ་དང་འབྲེལ་ཉིན་གཉིས་པར་བཟུང་ནས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་རྒྱུ་ནོར་གྱི་གྱོང་གུན་དུས་ཐོག་ཏུ་གསབ་ཡོད། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཁོ་གཉིས་ཀྱིས་རྐུ་བརྒྱབ་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། ཁྲིམས་འགལ་བ་ཁག་གཅིག་གིས་རྒྱུན་དུ་མཚན་མོ་མི་ཉལ་ཁྱི་ཉལ་གྱི་དུས་སུ་ཕྱིར་བསྐྱོད་དེ་མི་གཞན་གྱི་འཁོར་རིགས་ཀྱི་སྣུམ་རྐུ་ཡི་ཡོད། ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་ད་ལྟའི་དུས་ནི་རྐུ་རྒྱག་གྱོད་གཞི་ཐོན་མང་ཤོས་ཀྱི་དུས་ཚོད་རེད། རྒྱ་ཆེའི་ཁ་ལོ་བ་ཚོས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱས་ཏེ་སྣུམ་སྒམ་ལ་སྒོ་ལྕགས་རྒྱག་པ་སོགས་བྱས་ནས་འཁོར་རིགས་ཀྱི་སྣུམ་རྐུ་མི་ཤོར་བ་བྱེད་དགོས། དེ་དང་དུས་མཚུངས། རླངས་འཁོར་ཁུག་ཀྱོག་གི་ལམ་དུམ་དང་གློག་མིག་མེད་པའི་ས་ཆར་གཏན་ནས་འཇོག་རྒྱུ་མེད།

བསོད་ནམས་དཔའ་མོས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博