西藏青年报藏文版ཕྱོགས་བསྡུས། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་པ། སྦག་སྦག་གི་སྣུམ་བརྐུས་པའི་གྱོད་གཞི་ཞིག་རྩད་བཅད་པ། བོད་ལྗོངས་ལྷོ་ཁའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་རར་ཚོང་ཟོག་བྲིན་ཁ་རྒྱུག་པ། རྩལ་ནུས་བསྡུར། འཇོན་ཐང་ངོམས། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ནས་ཁྲིམས་སྐྱོང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

放大 缩小 默认

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་པ།

ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་ནས་2023ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་2024ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་2023ལོར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་། སེམས་པ་ལས་དོན་སྤྱི་ཡོངས་ལ་འཆང་བ། སྒྱུར་བཅོས་ཀྱི་འགྱུར་ལྡོག་ལ་དམ་པོར་བསྟུན་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས། “ཚན་ཁག་མཐུན་སྒྲིལ་དང་། སྦྱོང་བརྡར་ཚད་བརྒལ། ལས་འགན་ལེགས་སྒྲུབ། འཛུགས་སྐྲུན་རིམ་སྤོར། སྤྱོད་བཟང་གཞུང་དྲང”བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་མངོན་པར་བྱས་པ་རེད། 2024ལོར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། འཕེལ་རྒྱས་དང་བརྟན་ལྷིང་དང་། སྒྱུར་བཅོས་དང་བརྟན་ལྷིང་། སྐབས་བསྟུན་དང་མཐའ་སྲུང་། གེགས་འགོག་དང་རོགས་སྐྱོབ། ལས་ཁུངས་དང་གཞི་རིམ་བཅས་ལ་སྤྱི་འདོམས། ཚན་ཁག་ལ་དམ་འཛིན་གྱིས་དཔུང་ཁག་བརྟན་དུ་གཏོང་བ་དང་། དགོངས་པར་དམ་འཛིན་གྱིས་ལྷག་བསམ་ཟབ་ཏུ་གཏོང་བ། སྦྱོང་བརྡར་ལ་དམ་འཛིན་གྱིས་འཇོན་ཐང་ཆེ་རུ་གཏོང་བ། གཞི་རིམ་ལ་དམ་འཛིན་གྱིས་བདེ་འཇགས་འགན་ལེན་བྱེད་པ། སྒྱུར་བཅོས་ལ་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་སྲོལ་ལ་དམ་འཛིན་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་པ། བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྤྱི་འདོམས་ལྟ་རྟོག ཐབས་མང་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་རུ་ཁག་གི་ཕྱོགས་ཡོངས་འཛུགས་སྐྲུན་གྱི་ནང་རྒྱས་རྣམ་པའི་གོང་འཕེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་བཀོད་འཐབ་པ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས“མཐར་བཞིའི”སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། ཆར་རླུང་འཚུབ་ཀྱང་མུ་མཐུད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཁྱབ་རུ་ཁག་གི་ཕྱོགས་ཡོངས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明