http://zw.xzqnb.cn/Content/weixinlogo.png
མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། མི་དམངས་ཀྱ
http://zw.xzqnb.cn/m/content/2024-02/09/000498.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་པ།

སྦག་སྦག་གི་སྣུམ་བརྐུས་པའི་གྱོད་གཞི་ཞིག་རྩད་བཅད་པ།

བོད་ལྗོངས་ལྷོ་ཁའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་རར་ཚོང་ཟོག་བྲིན་ཁ་རྒྱུག་པ།

རྩལ་ནུས་བསྡུར། འཇོན་ཐང་ངོམས།

སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ནས་ཁྲིམས་སྐྱོང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

等待处理…

ཨ་མདོ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས།

སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ནས་ཁྲིམས་སྐྱོང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

2024年02月09日

མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། མི་དམངས་ཀྱི་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཨ་མདོ་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཨ་མདོ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྲིད་ཁྲིམས་སྡེ་ཚན་ཁག་ལ་སྤྱི་འདོམས་བྱས་ནས་ཨ་མདོ་རྫོང་གདང་ལ་མཉམ་འདྲེས་སྨྱན་སྦྱོར་སོགས་ཀྱི་བརྙན་ཐུང་སྤྱི་རྟགས་ཐོག《དུས་བདེའི་ཨ་མདོ། ཁྲིམས་སྐྱོང་གི་སློབ་ཁང་ཆུང་ངུའི》ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིཊ་ན། མིག་སྔར་ཆེད་སྒྲིག་ལེ་ཚན་དེའི་ལེའུ་8བསྟན་པར་མི་ཐེངས་ཁྲི་1.7ལྷག་ཙམ་གྱིས་མོས་བསྟོད་བྱས་པ་དང་། ལྟ་མཁན་ཁྲི་133.6ཟིན་ཡོད། ཆེད་སྒྲིག་ལེ་ཚན་ནང་་གཙོ་བོ་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་ཆེ་གྲས་བཅུ”དང་ལས་རིགས་མི་འདྲ་བའི་ཁྲིམས་སྐྱོང་ཤེས་ལྡན་པ་གདན་དྲངས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དཔེ་མཚོན་གྱོད་དཔེ་དྲངས་ཏེ《དམངས་དོན་ཁྲིམས་གཞུང》དང་། 《སྡེ་ཁུལ་གྱི་ཡོ་བསྲང་བཅའ་ཁྲིམས》 《དུག་འགོག་བཅའ་ཁྲིམས》 《དུས་བདེའི་འགྲིམ་འགྲུལ》 《མི་དམངས་འདུམ་འགྲིག་བཅའ་ཁྲིམས》 སོགས་ཀྱི་བཅའ་ཁྲིམས་ལ་གསོན་ཉམས་དོད་པའི་འགྲེལ་བཤད་བརྒྱབ་པ་རེད།

《དུས་བདེའི་ཨ་མདོ། ཁྲིམས་སྐྱོང་གི་སློབ་ཁང་ཆུང་ངུ》བཀོད་སྒྲིག་བྱས་ནས་བཅའ་ཁྲིམས་སྒྲོག་འགྲེལ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་མཉམ་འདྲེས་ཐུབ་པར་བྱས་པས། ཚང་མས་ཡུལ་དུས་གང་དུའང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཤེས་རྟོགས་དང་ཁོང་དུ་ཆུད་པར་སྟབས་བདེ་བསྐྲུན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། སྲོལ་རྒྱུན་གྱི་སྒྲོག་འགྲེལ་བྱེད་ཐབས་ལ་འགྱུར་ལྡོག་བྱུང་བ། མི་རྒྱུ་དངོས་གསུམ་གྲོན་ཆུང་ཐུབ་པ་བཅས་བྱུང་བ་དང་ཆབས་ཅིག ཁྱབ་གདལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་དེ་བས་ཆེ་རུ་ཕྱིན་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

པ་ཚེ་དང་བུ་ཁྲིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博