http://zw.xzqnb.cn/Content/weixinlogo.png
ང་ལ་ང་ཚོའི་ཁྱིམ་གྱི་ཉེ་འགྲམ་ནས་ཁྱི་ཕྲུག་ཞིག་རྙེད་བྱུང་།ཉིན་ཞ
http://zw.xzqnb.cn/m/content/2024-01/26/000478.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འབད་བརྩོན་གྱིས་འོད་འཕྲོ་སྲིད།

༄༅། །བདག་དང་ཁྱི་ཕྲུག

༄༅། །ཤེས་བྱའི་གནས་ལ་བརྩོན།

等待处理…

༄༅། །བདག་དང་ཁྱི་ཕྲུག

作者 སྨོན་ལམ་མཚོ་མོ།
2024年01月26日

ང་ལ་ང་ཚོའི་ཁྱིམ་གྱི་ཉེ་འགྲམ་ནས་ཁྱི་ཕྲུག་ཞིག་རྙེད་བྱུང་།

ཉིན་ཞིག། ང་རང་སློབ་གྲྭ་གྲོལ་ནས་ནང་ལ་ལོག་པའི་ལམ་བར་གློ་བུར་དུ་ཁྱི་ཕྲུག་གི་སྐད་ཅིག་གོ་བྱུང་བས་ངས་དེ་ཕྱོགས་སུ་བལྟ་དུས་ཁྱི་ཕྲུག་ཆུང་ཆུང་ཞིག་ཟུར་ཞིག་ཏུ་བསྡད་ཡོད་པ་མཐོང་། དེ་ལ་རྨས་སྐྱོན་ལྗིད་པོ་ཕོག་ཡོད་པས་ཕར་བལྟས་ན་ཧ་ཅང་སྙིང་རྗེ་པོ་ཞིག་རེད་འདུག བྱས་ཙང་ངས་དེ་ནང་ལ་ཁྱེར་ནས་བདག་སྐྱོང་བྱེད་རྒྱུའི་ཐག་བཅད། ཞིབ་པར་བལྟ་སྐབས་དེའི་མིག་ལས་བཀའ་དྲིན་དང་འཇིགས་སྣང་གི་རྣམ་པ་ཞིག་མངོན་བྱུང་བས་ངས་དལ་མོར་ཁོའི་མགོ་ལ་བྱིལ་བྱིལ་བྱས་ཏེ། ཁྱོད་སྐྲག་མི་དགོས། ངས་ཁྱོད་ལ་བདག་སྐྱོང་ལེགས་པོ་བྱེད་སྲིད་ཅེས་བཤད་པ་ཡིན། ཁྱིམ་དུ་སླེབས་རྗེས་སྔོན་ལ་ཁོའི་གཟུགས་པོ་བཀྲུས་པ་དང་དེ་ནས་ཟ་མ་སྟེར། ཁོའི་བཟའ་སྟངས་ལ་བལྟས་ན་ཟས་དེ་ཧ་ཅང་ཞིམ་པོ་བྱུང་སོང་བ་དང་། ཕལ་ཆེར་ཡུན་རིང་འདི་འདྲའི་ཟ་མ་ཞིག་མ་རག་པའི་སྣང་བ་ཡང་འདུག ངས་ཁོ་ལ་〝ཞའོ་ཆི་〞ཞེས་མིང་བཏགས་པ་ཡིན། གང་ཡིན་ཞེ་ན། ང་དང་ཁོ་ཟླ་བ་བདུན་པར་ངོ་ཤེས་པས་ཡིན།

ང་དང་ཁྱི་ཕྲུག་ཉིན་ལྟར་རྩེད་མོ་རྩེ་བར་འགྲོ་གི་ཡོད། འོན་ཀྱང་དུས་ཚོད་འགྲོ་བ་ཧ་ཅང་མགྱོགས། ངས་མུ་མཐུད་ཁོ་གསོ་མི་ཐུབ་པས་ཁྱི་ཕྲུག་ལ་དགའ་བའི་གྲོགས་པོ་ཞིག་ལ་སྟེར་རྒྱུའི་ཐག་བཅད། མ་གཞི་ང་〝ཞའོ་ཆི་〞མི་གཞན་ལ་སྤྲོད་རྒྱུར་ཧ་ཅང་མི་འདོད་ཀྱང་ཁོ་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡོང་ཆེད་བློ་ཐག་བཅད། ཉིན་དེར། ངས་ཁོ་པ་པང་དུ་བཟུང་ནས་མགོ་ལུས་ལ་བྱིལ་བྱིལ་དང་བྱམས་པོ་བྱས་པ་ཡིན་ལ་མིག་ཆུའི་ཐིགས་པའང་མཚམས་མ་ཆད་པར་བཞུར་ཡོང་། ཁོས་ཀྱང་ཁོའི་ཞི་འཇམ་གྱི་མིག་གིས་ང་ལ་བལྟས་ནས་ཁྱོད་ནམ་ཡང་བརྗེད་མི་སྲིད་ཅེས་སྐད་ཆ་བཤད་པ་དང་འདྲ།

ད་ཆ་ཁོ་པ་ངའི་གམ་དུ་མེད་ཀྱང་ཁོས་ང་ལ་བཞག་པའི་དྲན་གསོ་ནི་ནམ་ཡང་བརྗེད་པར་དཀའ་ལ་ཁོ་ལ་བཅངས་པའི་བརྩེ་བའང་འགྱུར་བ་གཏན་ནས་མེད་དོ། །

ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༤)

ཟུར་ཁྲིད་དགེ་རྒན། དབང་གྲགས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博