http://zw.xzqnb.cn/Content/weixinlogo.png
འབད་བརྩོན་བྱེད་མཁན་གྱི་མི་དེ་དག་ནི་མཁའ་དབྱིངས་སུ་གནས་པའི་བརྟ
http://zw.xzqnb.cn/m/content/2024-01/26/000477.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འབད་བརྩོན་གྱིས་འོད་འཕྲོ་སྲིད།

༄༅། །བདག་དང་ཁྱི་ཕྲུག

༄༅། །ཤེས་བྱའི་གནས་ལ་བརྩོན།

等待处理…

༄༅། །འབད་བརྩོན་གྱིས་འོད་འཕྲོ་སྲིད།

作者 བུང་ཆུང་།
2024年01月26日

འབད་བརྩོན་བྱེད་མཁན་གྱི་མི་དེ་དག་ནི་མཁའ་དབྱིངས་སུ་གནས་པའི་བརྟན་སྐར་ཞིག་འོད་འཕྲོ་བཞིན་པ་དང་འདྲ། ཁོ་ཚོ་ལེ་ལོ་ཅན་ཚོས་འགྲུབ་མི་ཐུབ་པའི་བྱ་བ་ལེགས་འགྲུབ་དང་གཞན་ཡིད་སྨོན་འཆོར་བའི་གྲུབ་འབྲས་ཐོབ་སྲིད། སྒྱིད་ལུག་པ་ཁྱོད་ཀྱིས་བརྩོན་འགྲུས་ཅན་གྱི་མིག་ལ་གཟན་པའི་འོད་བཟོད་མི་ཐུབ་པར་ཁོ་ཚོའི་འགྲམ་ནས་ཇེ་ནག་ཏུ་འགྲོ་བར་ངེས།

སློབ་ཁང་གཅིག་གི་ནང་དུ་སློབ་སྦྱོང་བྱས་ཀྱང་ཁོ་ཚོ་ནི་ང་ལས་ཡག་པ་ཡོང་བའི་རྒྱུ་མཚན་གང་། ང་དང་ཁོང་ཚོ་གཅིག་པ་རེད། ང་ཁོང་ཚོ་ལས་སྡུག་པ་མེད་ལ་མགོ་སྒུར་འདོད་དེ་བས་ཀྱང་མེད། འཇིག་རྟེན་གཏན་འཁེལ་མེད་ལ་ང་ཚོ་ཚང་མ་ཡངས་པའི་རྩྭ་ཐང་སྟེང་ལ་བང་རྩལ་ངོམས་པའི་ཅང་ཤེས་རྟ་ཕོ་དེ་ཡིན་ཆོག ངས་ཀྱང་སྐར་ཁམས་ལས་འོད་འཐོར་ནས་མདུན་སྐྱོད་ཀྱི་ལམ་བུར་གསལ་བར་བྱེད་འདོད། སེམས་ནས་འབད་བརྩོན་བྱེད་སླ་ཡང་སྒྲུབ་དུས་དཀའ་ངལ་ཆེ་བ་སྟེ། དགོང་མོར་ཁྱོད་ཐང་ཆད་ནས་མིག་འབྱེད་མི་ཐུབ་པའི་སྐབས་གཉིད་སྐྱིད་པོ་ཞིག་ལོག་འདོད། འོན་ཀྱང་འབད་པ་བྱེད་མཁན་དེ་ཚོས་ད་དུང་གཉིད་བཅག་ནས་རང་དགོས་ཤེས་རྒྱའི་རྒྱ་མཚོའི་ནང་ནོར་བུ་ལེན་བཞིན་མཆིས། ཞོགས་པར་ཁྱོད་མལ་ཆས་དྲོ་པོ་དེ་དང་ཁ་བྲལ་མི་ཐུབ་པར་ལངས་མ་སྒུར་ལ་གནས་སྐབས་འབད་བརྩོན་བྱེད་མཁན་དག་སྔ་མོ་ནས་སྐྱ་རེངས་བློ་འཛིན་གྱི་དུས་ཚོད་བཟང་ཤོས་བེད་སྤྱད་ནས་དཔེ་ཀློག་བྱེད་འགོ་བརྩམས་ཟིན། ཉིན་རེའི་ཞོགས་པར་ང་ཚོར་གདམ་ག་ཞིག་ཡོད་པས་དེ་ནི་ད་དུང་མུ་མཐུད་ཉལ་ནས་རྨི་ལམ་སྐྱིད་པོ་དེ་གཏོང་བའམ་ཡང་ན་ཡར་ལངས་ནས་ཕུགས་བསམ་མངོན་འགྱུར་ཡོང་བར་མུ་མཐུད་འབད་པ་བྱེད་པ་དེ་ཡིན།

ང་ནི་ཉིན་ལྟར་སློབ་ཚན་མང་པོ་ཉན་གྱིན་ཡོད་ལ་སྦྱོང་ཚན་མང་པོ་འབྲི་གིན་ཡོད། དེབ་མང་པོ་ལྟ་བཞིན་བློ་འཛིན་མང་པོ་བྱེད་ཀྱིན་ཡོད། ཡིག་རྒྱུགས་ཀྱང་ཇི་སྙེད་ཅིག་གཏོང་གིན་ཡོད། ཡིན་ཡང་དེ་དག་གིས་ང་སྔར་ལྟར་མི་དཀྱུས་མ་ཞིག་ལས་གཞན་གང་ལའང་འགྱུར་ལྡོག་མི་ཐུབ་པར་ལུས། ཉེ་ཆར་དྲྭ་ཐོག་ཏུ་ཐ་སྙད་གཅིག་དར་ཁྱབ་བྱུང་། དེའི་གོ་དོན་ནི་ཚད་ཡོད་ཀྱི་ཐོན་ཁུངས་རྩོད་ལེན་བྱེད་ཆེད་ལས་རིགས་གཅིག་པའི་བར་ཕན་ཚུན་འགྲན་རྩོད་དང་འབད་བརྩོན་ཆེན་པོ་བྱེད་པར་གོ ། ཐ་སྙད་འདི་སློབ་མའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་མོད་འོན་ཀྱང་མིང་དེ་ནི་སྦྱངས་འབྲས་ཡག་པོ་ཐོབ་པའི་མི་ཞིག་ལ་སྦྱར་བའི་ཆེད་སྤྱོད་འཕྱ་སྨོད་ཀྱི་ཚིག་ཅིག་ཏུ་འགྱུར་བཞིན་འདུག མི་ཚེ་འདིར་ང་ཚོས་ནོར་འཁྲུལ་མང་པོ་ཤོར་སྲིད་ཀྱང་ང་ཚོས་སང་ཉིན་ལ་ཁ་གཡར་ནས་སང་ཉིན་ནས་བཟུང་སྟེ་ཡང་བསྐྱར་འབད་བརྩོན་བྱེད་དགོས་ཞེས་བརྗོད་ནས་བསྡད་ཚེ། གནའ་བོའི་གཏམ་ལས“སང་ཉིན་སང་ཉིན་རྟག་ཏུ་སང་ཉིན་མོ། །ཉིན་མོ་སང་ཉིན་ཟེར་བར་རྫོགས་རྒྱུ་མེད”ཅེས་པ་ལྟར་ལས་མ་འདས། དེས་ན་ང་ཚོས་ད་ལྟ་ནས་འགོ་བཙུགས་དགོས། དུས་ཚོད་ནི་དཀོན་ཞིང་མགྱོགས་པས་ཚེ་སྲོག་ཆུད་ཟོས་སུ་གཏོང་མི་རུང་། སྔོན་ཆད་འབད་བརྩོན་མི་བྱས་པར་ཤོར་བའི་གོ་སྐབས་དང་རིན་ཐང་དེ་རྗེས་ཀྱི་དུས་ཚོད་བེད་སྤྱད་ནས་ཁ་གསབ་བྱེད་འདོད་པ་ནི་ནམ་མཁའི་འཇའ་ཚོན་གོས་སུ་རེ་བ་ལྟ་བུའི་སྟོང་བསམ་རེད། དེར་བརྟེན་ད་ལྟའི་འབད་བརྩོན་ལ་བརྟེན་ནས་འབྱུང་འགྱུར་གྱི་མེ་ཏོག་བཞད་ཐུབ་པ་བྱེད་དགོས།

ཁྱོད་ཀྱིས་ཐ་སྙད་བློར་འཛིན་པའི་སྐབས་སུ་ཉ་ཆུང་གསེར་མིག་ཆུ་ངོས་ལས་མཆོང་བཞིན་ཡོད། ཁྱོད་ཀྱིས་རྩིས་རིག་རྩི་བཞིན་པའི་སྐབས་སུ་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་མཚོ་སྐྱར་གྲོང་ཁྱེར་གྱི་སྟེང་ནས་བརྒལ་བཞིན་ཡོད། ཁྱོད་ཀྱིས་གློག་འོད་ལ་བརྟེན་ནས་ལྟ་ཀློག་བྱེད་དུས་མཚན་མོའི་ཐར་ཐོར་གྱི་ཁ་དོག་སྣ་ཚོགས་ཤིན་ཏུ་གསལ་བའི་སྐར་མདའ་ལ་འགྱུར་བཞིན་ཡོད། འོན་ཀྱང་ཁྱོད་རང་འཚབ་མི་དགོས། ཁྱོད་ཀྱི་མ་འོངས་པའི་ཆེད་དུ་འབད་པ་བྱེད་བཞིན་པའི་སྐབས་མི་ཚེ་གང་པོར་མཐོང་མི་ཐུབ་པའི་ཡུལ་ལྗོངས་དེ་དག་དང་། འཕྲད་དཀའ་བའི་མི་དེ་དག་གོམ་སྟབས་རེ་རེ་བཞིན་རང་དང་བར་ཐག་ཇེ་ཉེ་རུ་འགྲོ་སྲིད། གལ་ཏེ་ཁྱོད་ད་ལྟའི་ལྷིང་འཇགས་ཀྱི་འཚོ་བ་དེར་སུན་སྣང་སྐྱེས་ཚེ་ཤེས་རིག་གི་སྐྱེད་ཚལ་དུ་རྒྱུགས་དང་། རྒྱུ་མཚན་ནི་དེ་ནས་ཁྱོད་ལ་དྭངས་གཙང་མཁའ་རླུང་གིས་འཚོ་བའི་བདེན་པ་སྟེར་སྲིད། གལ་ཏེ་ཁྱོད་ཀྱིས་འཚོ་བ་ནི་མུན་ནག་འོད་མེད་ཅིག་རེད་སྙམ་ཚེ་རང་དགོས་ཤེས་བྱར་འབད་བརྩོན་གྱིས་དང་། གང་ལགས་ཤེ་ན། འབད་བརྩོན་གྱིས་ཁྱོད་ཀྱི་འཚོ་བར་འོད་སྣང་འཕྲོ་སྲིད་དོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博