http://zw.xzqnb.cn/Content/weixinlogo.png
བཤེས་གཉེན་ལགས། ཁྱེད་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་བློ་སྒ
http://zw.xzqnb.cn/m/content/2024-01/12/000454.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཁ་བ་བབས་པའི་ཞོགས་པ།

༄༅། །བཤེས་གཉེན་ལགས།

༄༅། །དཔེ་ཀློག་གནང་དང་།

等待处理…

༄༅། །བཤེས་གཉེན་ལགས།

作者 སྐར་མ་རབ་འབྱོར།
2024年01月12日

བཤེས་གཉེན་ལགས། ཁྱེད་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་བློ་སྒོ་འབྱེད་པའི་ལྡེ་མིག་འཛིན་མཁན་དང་ཁྱེད་ནི་ང་ཚོའི་མུན་ནག་སེལ་མཁན་གྱི་སྒྲོན་མེ་ཡང་ཡིན། ཁྱེད་ནི་མེས་རྒྱལ་གྱི་གསར་སྐྱེས་གཞོན་ནུ་གསོ་སྐྱོང་མཛད་མཁན་གྱི་བྱེད་པོ། ཁྱེད་ནི་མ་རིག་རྨོངས་མུན་ཐམས་ཅད་ཅིག་ཅར་འཇོམ་པ་བྱེད་པའི་ཉི་གཞོན་དེ་ཡིན།

བཤེས་གཉེན་ལགས། ངས་ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷད་མེད་ཀྱི་བརྩོན་སེམས་ལ་བསྔགས་པར་འདོད་དེ། ཁྱེད་ཀྱི་ང་ཚོ་གཞོན་ནུ་རྣམས་ལ་བློ་གྲོས་ཀྱི་མིག་ཟུང་དང་སྙིང་སྟོབས་ཀྱི་སྤོབས་པ་སྦྱིན་ཁྱེད་ཀྱི་འགྱུར་མེད་ཀྱི་བརྩེ་སེམས་དང་ཞུམ་མེད་ཀྱི་སྙིང་སྟོབས་ནི་རི་བོ་བཞིན་བརྟན་ཅིང་རྔམ་བརྗིད་ལྡན་པ་ཞིག་རེད།

བཤེས་གཉེན་ལགས། ཁྱེད་ནི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་བདག་པོ་ཡིན་པས། གལ་ཏེ་ཁྱེད་རང་མེད་ན་མིའི་རིགས་ཀྱི་སྤྱི་ཚོགས་ལ་འོད་སྟོང་ལྡན་པའི་གཟི་འོད་འབར་མི་སྲིད་ལ། གལ་ཏེ་ཁྱེད་རང་མེད་ན་ང་ཚོ་གསར་སྐྱེས་ཀྱི་གཞོན་ནུ་རྣམས་ལ་ཤེས་རིག་གི་བདུད་རྩི་གསར་པ་སུ་ཞིག་གིས་སྦྱིན། གལ་ཏེ་ཁྱེད་མེད་ན་ང་ཚོའི་མེས་རྒྱལ་འདི་ཡང་རིག་གནས་དང་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་ཇི་ལྟར་གྱུར།

བཤེས་གཉེན་ལགས། ཁྱེད་ཀྱི་གཞན་ཕན་གྱི་ལྷག་བསམ་དཀར་པོ་དེ་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད་ལ་མ་འོངས་པར་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱ་རྒྱུའི་དམ་བཅའ་ཡིད་ལ་བརྟན་པོར་བཅངས་ཡོད། ལྷག་བསམ་དང་སྦྱིན་པའི་སྤོབས་པ། དཀར་གཙང་གི་ལུས་ཁུངས་སུ་ཐིམས། གཟུགས་སུ་གྲུབ་པའི་ཡི་གེ་དང་རི་མོ་རེ་རེ་ནི། ཁྱེད་ཀྱི་ཟུངས་ཁྲག་ཡིན་ནོ། །

ལྷོ་བྲག་རྫོང་སློབ་འབྲིང་ལོ་རིམ༨(༥)

ཟུར་ཁྲིད་དགེ་རྒན།བསྟན་འཛིན་དབྱངས་འཛོམས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博