http://zw.xzqnb.cn/Content/weixinlogo.png
ཧྥ་རན་སིའི་བསམ་བློ་མཁས་ཅན་མོང་ཏེ་སི་ཅིའུ་ཡིས། དཔེ་ཀློག་ལ་དགའ་
http://zw.xzqnb.cn/m/content/2024-01/12/000455.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཁ་བ་བབས་པའི་ཞོགས་པ།

༄༅། །བཤེས་གཉེན་ལགས།

༄༅། །དཔེ་ཀློག་གནང་དང་།

等待处理…

༄༅། །དཔེ་ཀློག་གནང་དང་།

作者 འཇམ་དབྱངས་སྒྲོལ་དཀར།
2024年01月12日

ཧྥ་རན་སིའི་བསམ་བློ་མཁས་ཅན་མོང་ཏེ་སི་ཅིའུ་ཡིས། དཔེ་ཀློག་ལ་དགའ་པོ་བྱེད་པ་དེ་ནི་འཚོ་བའི་ནང་གི་ཆོ་མེད་ཀྱི་དུས་ཚོད་དག་ཆེས་དོན་སྙིང་ལྡན་པ་དང་ཆེས་ལོངས་སྤྱོད་ཆེན་པོ་ཞིག་ལ་བརྗེས་པ་དང་མཚུངས་སོ་ཟེར། ཧྲ་ཧྲི་པི་ཡས། དཔེ་དེབ་ནི་འཛམ་གླིང་ཡོངས་ཀྱི་བསམ་བློའི་འཚོ་བཅུད་ཀྱི་གོང་བུ་ཡིན་པས་འཚོ་བའི་ནང་དཔེ་དེབ་མེད་ན་ཉི་འོད་མེད་པ་དང་། བསམ་པའི་རྒྱགས་ཕྱེར་དཔེ་དེབ་མེད་ན་འདབ་ཆགས་ལ་གཤོག་པ་མེད་པ་ལྟ་བུ་ཡིན་ཞེས་གསུངས་ཡོད།

ཁྱེད་ཀྱིས་དཔེ་དེབ་ཁ་ཕྱེ་ནས་རང་ཉིད་ཀྱི་རྣམ་ཤེས་དཔེ་དེབ་ཏུ་འཛུལ་ཐུབ་ན་ཁྱེད་ནི་བསམ་བློའི་བདེ་སྐྱིད་ཀྱིས་ཕྱུག་པའི་མི་ཞིག་ལ་འགྱུར་ཐུབ། ང་རང་ནང་དོན་ཟབ་མོ་ལྡན་པའི་སྒྲུང་ཚན་ཐུང་གྲས་ཀྱི་དཔེ་དེབ་དག་ཀློག་པར་དགའ། ང་རང་དགོད་བྲོ་བའི་གཏམ་རྒྱུད་དང་བྱུང་རིམ་ངོ་མཚར་ཞིང་མཛེས་སྡུག་ཡིད་དབང་འཕྲོག་པའི་དཔེ་དེབ་བལྟ་རྒྱུར་དེ་བས་དགའ། དཔེ་མཛོད་ཁང་གི་རྐུབ་སྟེགས་ཐོག་བསྡད་ནས་དཔེ་དེབ་ལོངས་སྤྱོད་པའི་ཚོར་བ་དེ་དག་སྒྲ་སོགས་དབང་པོ་རགས་པའི་ལོངས་སྤྱོད་ཀྱིས་ག་ལ་འགྲན་ནུས།

དེ་སྔོན་ང་རང་དཔེ་ཀློག་ལ་དེ་ཙམ་མི་དགའ་བ་སྟེ། དཔེ་ཆའི་ནང་ཡོད་པ་ནི་བྲོ་བ་མེད་པའི་ཤེས་བྱའི་རྣམ་གྲངས་ཏེ་ང་ཚོའི་ཆབ་སྲིད་བསླབ་གཞིའི་ཐ་སྙད་སྐམ་པོའི་གོ་དོན་ཙམ་ཡིན་ནོ་སྙམ་ཡོད། ནམ་རྒྱུན་བསླབ་གཞིའི་སློབ་སྦྱོང་གི་དཀའ་ངལ་ཆེ་བའི་ང་རང་ལ་མཚོན་ན་དེ་དག་ལ་ལག་པས་རེག་ཙམ་གྱི་ཀུན་སློང་ཡང་མི་བྱུང་། ངས་སྐད་ཡིག་ཡིག་ཚད་དུ་ཤེས་བྱའི་རྣམ་གྲངས་དང་དེ་དག་གི་གོ་དོན་ལ་ངག་སྐྱོར་གཏོང་བ་བཞིན་ལན་གནད་དུ་འཁེལ་བ་བཏབ་ཐུབ་ཀྱང་རྩོམ་ཡིག་འབྲི་སྐབས་ང་རང་གིས་ལྕགས་སྨྱུག་ཁྱོན་ནས་འགུལ་སྐྱོད་བྱེད་མི་ཐུབ་པ་མ་ཟད་ཀླད་པ་ཡང་ནག་འཐོམ་མེར་འགྱུར་འགྲོ་བ་ཡིན། རྒན་ལགས་ཀྱིས་རྩོམ་ཡིག་ལེགས་པོ་ཞིག་འབྲི་དགོས་ན་ངེས་པར་དུ་སྔོན་ལ་དཔེ་ཆ་གང་མང་ལྟ་ཀློག་བྱེད་དགོས་ཞེས་རྟག་ཏུ་སྐུལ་བས། རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་ཆེད་ངས་ཚོད་ལྟའི་བསམ་བློ་ཞིག་ཁུར་ནས་དཔེ་ཀློག་ཅུང་ཙམ་བྱས་པ་ཡིན། ངའི་སེམས་ལ་དཔེ་ཆའི་ནང་ལ་འཚོ་བཅུད་ཡོད་པ་ཚོར་བས། ཚིག་བཟང་པོ་དང་བརྗོད་པ་སྙན་པོ་ཚང་མ་དཔེ་ཀློག་ཟིན་བྲིས་སྟེང་དུ་བཤུ་འབྲི་བྱས་ལ་དཔེ་ཀློག་ལས་ཐོབ་པའི་ངོ་མཚར་གྱི་ཚོར་སྣང་མང་པོས་རིམ་བཞིན་ངས་དཔེ་ཀློག་ནི་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པ་ཤེས་སོང་། དེ་ནས་ཡང་དེབ་རེ་རེ་བྱས་ནས་བསྡུ་ལེན་བྱས་པས་འབྲས་བུ་ཡང་ཅུང་ཟད་ཐོབ་བྱུང་། མཐར་ངའི་རྩོམ་ཡང་ཇེ་བཟང་དུ་སོང་། བདག་གིས་དཔེ་ཀློག་གི་རིན་ཐང་ལ་གོ་བ་ལེན་ཐུབ་སྟེ་ཡིད་ཆེས་ཇེ་ཆེར་འཕེལ།

དཔེ་ཀློག་བྱེད་པར་དཔེ་དེབ་ཡག་པོ་བལྟ་དགོས་པ་དང་རང་ཉིད་ལ་ཕན་ཐོགས་པའི་དཔེ་དེབ་ལྟ་དགོས། གལ་ཏེ་གོ་མེད་ཚོར་མེད་དུ་བཀླགས་ན་མི་ཚེར་འགན་འཁྲི་མི་འཁུར་བ་ཡིན་པ་མ་ཟད་ང་ཚོར་ཡང་གྲུབ་འབྲས་གང་ཡང་ཐོབ་མི་ཐུབ་ལ་རང་ཉིད་ལ་ཕན་ཐོགས་པའི་ཤེས་བྱ་གང་ཡང་ཐོབ་མི་ཐུབ། དེར་བརྟེན་ང་ཚོས་ཧུར་བརྩོན་ཡར་སྐྱེད་ཀྱི་དཔེ་ཆ་འགའ་ཀློག་དང་། ང་ཚོས་དེབ་དེ་དག་བཀླགས་ཟིན་རྗེས་ད་གཟོད་ཉི་འོད་བསྡུ་ལེན་བྱ་ཐུབ་བོ། ། ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་ང་ཚོས་དཔེ་དེབ་ཀློགས་དང་། འཚར་ལོངས་ཡོང་བར་དཔེ་དེབ་མེད་ན་ག་ལ་འགྲིག ལེགས་འགྲུབ་ཡོང་བར་དཔེ་དེབ་མེད་ན་ཇི་ལྟར་བྱ། དཔེ་ཀློག་ནི་འཕུར་ལྡིང་བྱ་བའི་གཤོག་པ་ལྟ་བུ་ཡིན། དེ་ཡོད་ན་ང་ཚོ་རྒྱལ་ཁའི་མཁའ་དབྱིངས་སུ་འཕུར་ཐུབ། དཔེ་དེབ་ནི་ང་ཚོའི་བློ་གྲོས་བང་མཛོད་ཀྱི་ལྡེ་མིག་ཡིན། དེ་ཡོད་ན་ང་ཚོས་བདེ་སྐྱིད་དང་སྤྲོ་སྐྱིད་ཀྱི་སྒོ་ཆེན་ཕྱེ་ཆོག དཔེ་ཀློག་བྱས་ན་ཤེས་ཡོན་གྱི་གྲུབ་འབྲས་ཐོབ། དཔེ་ཀློག་བྱས་ན་སྤྲོ་བ་འཕེལ་བར་བྱེད། དཔེ་ཆ་ནི་མིའི་རིགས་ཡར་ཐོན་གྱི་སྐས་རིམ་དང་། བསམ་པའི་ལོངས་སྤྱོད་ལ་མཚོན་ན་དཔེ་ཀློག་ནི་དངོས་གནས་སྤྲོ་སྐྱིད་ཚད་མེད་ཀྱི་བྱ་བ་ཞིག་ཀྱང་ཡིན་ནོ། །

དཔེ་ཀློག་མང་ན་ཤེས་ཡོན་འཕེལ། ཤེས་ཡོན་འཕེལ་ན་རྣམ་དཔྱོད་ལྡན། དེར་བརྟེན་ལྷན་རྒྱས་ནས་དཔེ་ཀློག་མང་ཙམ་གནང་ནས་དཔེ་ཀློག་དེ་གོམས་གཤིས་ཤིག་ཏུ་བསྒྱུར་པ་གནང་དང་། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博