http://zw.xzqnb.cn/Content/weixinlogo.png
དུས་ནམ་ཞིག་ཡིན་པ་ང་ལ་གསལ་ཆ་མི་འདུག དཔེ་ཆ་ཞིག་གི་སྟེང་ནས་སྐད་ཆ
http://zw.xzqnb.cn/m/content/2023-12/15/000406.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདེ་སྐྱིད་ལྡན་པའི་འཚོ་བའི་ངོས་འཛིན།

༄༅། །བདེ་སྐྱིད་ནི་ཅི་ཞིག་ཡིན།

༄༅། །གཅེན་པོ་ལགས། ངས་ཁྱེད་དྲན།

༄༅། །གཅེན་པོ་ལགས། ངས་ཁྱེད་དྲན།

等待处理…

༄༅། །བདེ་སྐྱིད་ནི་ཅི་ཞིག་ཡིན།

作者 ཉི་མ་ཆོས་འཛོམས།
2023年12月15日

དུས་ནམ་ཞིག་ཡིན་པ་ང་ལ་གསལ་ཆ་མི་འདུག དཔེ་ཆ་ཞིག་གི་སྟེང་ནས་སྐད་ཆ་འདི་མཐོང་བྱུང་ལ། ཉིན་ཐོའི་དྲན་དེབ་ནང་དུ་བཤུ་འབྲི་བྱེད་སྐབས། ད་ལྟ་གཞི་ནས་གློ་བུར་དུ་དྲན་འོངས། མ་གཞི་དེ་ནི་ངས་ཐོག་མཐའ་བར་གསུམ་དུ་འཚོལ་བཞིན་པའི་དྲིས་ལན་ཞིག་ཀྱང་རེད་ཨང་།

བདེ་སྐྱིད་ནི་ཅི་ཞིག་ཡིན། ངས་འདྲི་བ་འདི་ཐེངས་མང་པོར་རང་ཉིད་ལ་དྲིས་ཀྱང་། མཐར་ངལ་བ་འབྲས་མེད་ཁོ་ནས་ང་རང་གི་སེམས་པ་གདུངས་ནས་ཡོང་། དེ་རིང་ལྷོད་ལ་བབས་དུས། ངས་རང་ལ་དགོས་འདོད་པའི་བདེ་སྐྱིད་ཅིག་བཙལ། འོན་ཀྱང་ཡོད་ཚད་ནི་ངའི་བསམ་ཚོད་དང་མི་འདྲ་བར། ཇི་ལྟར་འཚོལ་བཞིན་ཡོད་ནའང་། སྐྱིད་སྣང་ནི་ང་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་འདུག སྤྲོ་སྣང་ཕྲ་མོ་ཙམ་ཡང་རྙེད་མེད་པ་མ་ཟད། སུན་སྣང་དང་ཕམ་སྣང་མང་པོས་ངའི་སེམས་ལ་རྨ་ཁ་མང་པོ་ཞིག་བཟོས་སོང་།

དངོས་པོ་འགའ་ཞིག་ལ་ཆེད་དུ་དམིགས་ཏེ་དམ་འཛིན་ཇི་ཙམ་བྱས་ན་དེ་ཙམ་གྱིས་ཤོར་སླ་བས། མཚམས་རེ་བློ་གཤོག་ཆེན་པོས་གློད་པ་དགའ་ཞེས་པ་དྲན་སྐབས། ངས་གཞི་ནས་སེམས་ཁྲལ་ཆེན་པོས་འཚོལ་བའི་སྤྲོ་སྣང་དེ་མཐོང་མེད་དུ་གྱུར། དེ་ནས་ངས་སེམས་པ་རྣལ་ལ་ཕབ་ནས་ཉེ་འགྲམ་ལ་ཞིབ་ལྟ་བྱེད་འགོ་བརྩམས།

སྡུག་བསྔལ་མང་པོ་རང་གིས་རང་ལ་སྦྱིན་པའི་རྔན་པ་ཙམ་དང་། སྤྲོ་སྣང་མང་པོ་རང་གིས་གཞན་ལས་རེ་འདོད་བྱེད་པའི་ཧམ་པ་ཙམ་ལས་བདེ་སྐྱིད་ཅེས་པ་ཞིག་འབར་འབུར་དུ་མིན་འདུག

ངས་མ་མཐོང་བ་ཙམ་ལས་ཡོད་ཚད་སྡུག་བསྔལ་གྱི་རྒྱུ་རུ་འགྱུར་སླ་ལ། ཡང་ཡོད་ཚད་བདེ་སྐྱིད་སྤྲོ་སྣང་ལ་འགྱུར་ཐུབ་པ་ཞིག་རེད་འདུག ང་དང་གྲོགས་པོས་སློབ་ཚན་སྐོར་ཞིག་ལ་ཁ་བརྡ་བྱས་ན་དགའ་བ་ཡིན། ཡང་ན་དཔེ་ཀློག་ལ་འཇུག་ན་སྤྲོ་སྣང་ཡིན། རྩིས་རིག་གི་དཀའ་གནད་ཅིག་སེལ་ཐུབ་ན་བདེ་སྣང་འཕེལ་ཐུབ། སློབ་གྲོགས་ཤིག་གི་མཐོང་ཆུང་ལ་གུ་ཡངས་བཏང་ནའང་སྤྲོ་སྣང་ཡིན། འཛིན་གྲྭའི་ལས་དོན་གང་ལ་སྒེར་སེམས་མེད་པར་འབད་བརྩོན་བྱེད་པ་དེ་ཡང་སྤྲོ་སྣང་ཞིག་ཡིན་འདུག་ཨང་།

སྔོན་བྱོན་མཁས་པས་མིས་ཚོར་ཐུབ་པའི་མཛེས་པ་ནི་ཚད་ཡོད་པ་ཞིག་དང་རང་བྱུང་གི་མཛེས་པ་ནི་ཚད་མེད་ཅིག་རེད་ཅེས་གསུངས། ངའི་བསམ་པར་སྤྲོ་སྣང་ཡང་གཅིག་པ་ཡིན་གྱི་རེད། ཁྱོད་ཀྱིས་རང་སེམས་ཀྱིས་མྱོང་ཐུབ་ན། ཚད་མེད་ཀྱི་བདེ་སྐྱིད་ཀྱིས་ཁྱོད་སྒུག་ནས་ཡོད་པ་སྨོས་མེད་རེད།

གང་ལྟར། ཁྱོད་ལ་སྤྲོ་སྣང་གི་སེམས་ཤིག་ཡོད་ན། བདེ་སྐྱིད་ནི་ཁྱོད་དང་ནམ་ཡང་འགྲོགས་སྲིད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博