ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། དངོས་སུ་སྦྱོང་བ་དང་། དངོས་སུ་ཤེས་པ། དངོས་སུ་ཡིད་ཆེས། དངོས་སུ་བེད་སྤྱོད་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་འགོ་ཡག་པོ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད།
ནག་ཆུ་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་དུ་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་དང་། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཐད་ལྷག་པའི་གནད་དོན་ཐག་གཅོད་ལ་དམིགས་པ། སློབ་སྦྱོང་བྱེད་རིང་ཁ་གཏད་འཇལ་ཐབས་འཚོལ་བ་དང་བསམ་ཕྱོགས་འཚོལ་བ། བྱེད་ཐབས་དེ་བས་ནུས་ལྡན་སྤྱད་ནས་གཞུང་ཁོངས་རྒྱུ་ནོར་དང་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།
ནག་ཆུ་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱི་ཏང་ཨུད་ཀྱི་ཨུ་ཡོན་ཀྲུའུ་རེན་གཞོན་པ་ཝང་ཀོང་མིན་གྱིས། ང་ཚོས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་གཞུང་ཁོངས་ཁེ་ལས་ཀྱི་ཕྱོགས་ཡོངས་སྒྱུར་བཅོས་ཀྱི་མགོ་ནས་མཇུག་བར་ཁྱབ་པར་བྱེད་པ་དང་། གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ཀྱི་ནུས་པ་དང་། གསར་གཏོད་ཀྱི་ནུས་པ། ཚོད་འཛིན་གྱི་ནུས་པ། ཤུགས་རྐྱེན་གྱི་ནུས་པ། ཉེན་ཁ་འགོག་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་བ། གཞུང་ཁོངས་རྒྱུ་ནོར་དང་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་བཤད།
གུང་གཞོན་སྡེ་ཚོགས་ནི་རྒྱ་ཆེའི་གཞོན་ནུ་འཚར་ལོངས་དང་ཡར་རྒྱས་ཀྱི་རྟེན་གཞི་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཨུད་ཀྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་དང་ནག་ཆུ་གྲོང་ཁྱེར་གྱི་ལྟེ་བའི་ལས་དོན་ལ་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་སྐུལ་སློང་རྒྱ་ཁྱབ་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པར་བྱས་རྗེས་འཇོག་ངེས་རེད།
གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཁྲ་སིལ་གྱིས། ང་ཚོས་སློབ་སྦྱོང་གཏིང་ཟབ་བྱས་ནས་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་དོན་སྒྲུབ་སྟངས་ལེགས་སུ་གཏོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་འདོན་པ། སློབ་སྦྱོང་གི་གྲུབ་འབྲས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཇོག་པ་བཅས་བྱས་ཏེ། གུང་གཞོན་ཚོགས་མི་དང་ན་གཞོན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བརྟན་པོ་གཏོང་དགོས་ཞེས་བཤད།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། ནག་ཆུ་གྲོང་ཁྱེར་དུ་གྲོང་ཨུད་ཀྱིས་སྣེ་ཁྲིད་པ་དང་གཞི་རིམ་གྱིས་སྐུལ་འདེད་བཏང་སྟེ། ཕྱོགས་མང་གཞི་གཅིག་དང་གོང་འོག་མཉམ་འབྲེལ་གྱིས་བརྗོད་དོན་གཙོ་བོར་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་མཐའ་འཁྱོངས་དང་། རང་སོ་སོའི་ལས་རིགས་ཁྱབ་ཁོངས་ཀྱི་འགག་གནད་དང་དཀའ་གནད་ཐག་གཅོད་དང་ཟུང་འབྲེལ་དམ་ཟབ། དངོས་སུ་སྦྱོང་བ་དང་། དངོས་སུ་ཤེས་པ། དངོས་སུ་ཡིད་ཆེས། དངོས་སུ་བེད་སྤྱོད་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་བཞིན་ཡོད།
རིག་རྡོར་གྱིས་བསྒྱུར།