西藏青年报藏文版ཕྱོགས་བསྡུས། སྤྱོད་ཡོན་གཉིས་ལྡན་གྱི་ལོ་ཆུང་བཟང་པོ་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། ས་ཡི་གོ་ལའི་གཏམ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་འགོ་ཡག་པོ་འཛུགས་པར་སྐུལ་འདེད་ ཏན་ཏིག་གཏོང་བ།

放大 缩小 默认

ས་ཡི་གོ་ལའི་གཏམ།

ང་ནི་རྒྱུ་ནོར་གྱི་ཤིན་ཏུ་ཕྱུག་པའི་གོ་ལ་ཞིག་སྟེ་རིན་ཆེན་གསེར་རིགས་དང་། དངུལ་རིགས། གཡུ་རིགས། བྱུ་རུའི་རིགས། མུ་ཏིག་སོགས་རིན་བྲལ་གྱི་དབང་བ་ཚང་མ་ཚང་བ་ཞིག་ཡིན།

དེ་བས་གོ་ལ་འདི་ཡི་ས་ཁོངས་དང་མིའི་རིགས། གཅན་གཟན་རི་དྭགས་ཐམས་ཅད་ནི་ང་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་ཅིང་ང་ནི་འདོར་ཐབས་མེད་པ་ཞིག་ཡིན་པ་མིའི་རིགས་ཀྱིས་ཤེས་སོ། །མིའི་རིགས་ཀྱི་ང་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ཞེས་ཟེར།

ང་ནི་ས་འཛིན་གོ་ལའི་གཙུག་རྒྱན་དང་མུ་མཐའ་མེད་པའི་གོ་ལ་རིན་ཐང་ཅན་ཞིག་ཡིན་སྙམ། ཡིན་ནའང་ངའི་ལུས་ནས་ཆད་པའི་ཕྲུ་གུ་དེ་དག་གིས་ངའི་བཀའ་དྲིན་ལ་དྲིན་ལན་དང་བསམ་ཤེས། བརྩི་བཀུར་ཞུ་རྒྱུ་ལྟ་ཅི་ཐ་ན་དེ་ལས་ལྡོག་སྟེ་དྲིན་ལན་ལོག་འཇལ་གྱིས་དུས་རྟག་ཏུ་རྒྱུ་ནོར་གྱི་ཆེད་དུ་ངའི་ལུས་པོའི་སྟེང་གི་ལྗོན་ཤིང་སྡོང་པོ་རྩ་བཀོག་གཏོང་བ་དང་། གང་སར་ས་རྐོ་རྡོ་སློག་བྱེད་པ། དེ་བཞིན་རྒྱ་མཚོ་དང་། གཙང་པོ། རྒྱུགས་ཆུ་གང་སྤྱིར་སྦགས་བཙོག་སྣང་མེད་བཏང་པར་བརྟེན་ངའི་ལུས་སྟེང་གི་རྒྱན་ཆར་རང་དབང་མེད་པར་བཙན་འཕྲོག་བྱས།

ངའི་ལུས་ཐོག་གི་འབུ་སྲིན་ཆེ་ཆུང་ཡོད་ཚད་དང་འདབ་ཆགས་བྱ་བྱིའུ་ནས་གཙོས་པ་ཡོངས་རྫོགས་ཁ་མིག་གདངས་བཙུམ་མེད་པར་འཁྱུར་མིད་བཏང་། དེ་ལྟ་བུའི་ཡ་ང་བའི་གདུག་རྩུབ་ཀྱིས་བྱ་སྤྱོད་དེ་ཚོ་ངའི་མིག་མདུན་དུ་མཐོང་དུས་ང་ཡང་བཟོད་གླག་བྲལ། ས་ཡི་གོ་ལ་ང་ལ་བརྗོད་པར་དཀའ་བའི་མནར་གཅོད་དང་འཛད་མཐའ་མེད་པའི་ན་ཟུག་དང་དཀའ་སྡུག་འདི་འདྲ་སྤྲད།

ས་ཡི་གོ་ལ་འདིར་སྲུང་སྐྱོང་དང་བྱམས་སྐྱོང་མ་བྱས་ན་མཐར་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བརླག་པར་འགྱུར་སྲིད་པས་སྐབས་དེ་དུས་ང་ཚོས་སྨྲེ་ངགས་འདོན་བཞིན་ངེད་ཚོའི་གོ་ལ་སླར་ཡང་མ་ཉམས་བསྐྱར་ལོག་ཡོང་བར་རེ་སྒུག་བྱེད་དུས་ཡོད་ཚད་ཕྱིས་ཟིན་པ་རེད།

བསོད་བཀྲ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明