http://zw.xzqnb.cn/Content/weixinlogo.png
2005ལོ།(1)★ཟླ་1ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གིས《སློབ་གསོ་དང་། ལམ་ལ
http://zw.xzqnb.cn/m/content/2023-11/17/000358.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

སྤྱོད་ཡོན་གཉིས་ལྡན་གྱི་ལོ་ཆུང་བཟང་པོ་ཞིག

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

ས་ཡི་གོ་ལའི་གཏམ།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་འགོ་ཡག་པོ་འཛུགས་པར་སྐུལ་འདེད་ ཏན་ཏིག་གཏོང་བ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年11月17日

2005ལོ།(1)

★ཟླ་1ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གིས《སློབ་གསོ་དང་། ལམ་ལུགས། ལྟ་སྐུལ་བཅས་གལ་ཆེ་མཉམ་འཛིན་གྱི་རུལ་སུངས་ཆད་གཅོད་དང་སྔོན་འགོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་རྩ་གནད》བཀྲམ་པ།

★ ཟླ་2ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

★ ཟླ་2ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁེར་རྐྱང་གི་སྒེར་གཉེར་སོགས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

★ ཟླ་3ཚེས་5ནས་14ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག《ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། ཚོགས་འདུའི་ཐོག་ཧུའུ་ཅིན་ཐའོ་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ་རེད།

★ ཟླ་4ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་ཐོལ་བྱུང་སྤྱི་པའི་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས》བཀྲམ་པ།

★ ཟླ་4ཚེས་22ཉིན། ཧུའུ་ཅིན་ཐའོ་ཡིས་ཅ་ཁར་ཐའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་དབུ་ཚོགས་ཐོག་ཤེས་དཔལ་མི་འདྲ་བའི་དབར་མཛའ་གྲོགས་མཉམ་གནས་དང་། འདྲ་མཉམ་གླེང་མོལ། དར་རྒྱས་གོང་འཕེལ་བཅས་ལ་སྐུལ་འདེད་བཏང་ནས་ཞི་མཐུན་གྱི་འཛམ་གླིང་ཞིག་ཐུན་མོང་ཐོག་གཏོད་དགོས་ཞེས་གསུངས་པ།

★ ཟླ་4ཚེས་27ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ཞིང་། 2018ལོའི་ཟླ་12ཚེས་29ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་བཟོ་བཅོས་བརྒྱབ་པའི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་4ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་པེ་ཅིང་དུ་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ལེན་ཀྲན་དང་དངོས་གཞིའི་གྲོས་མོལ་གནང་བ་རེད། ཚོགས་འདུ་གྲོལ་རྗེས་ཕྱོགས་གཉིས་པོས་ཐུན་མོང་ཐོག“ངོགས་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་ཐུན་མོང་འདོད་འདུན”ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ལོ་60ཡི་རིང་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འགོ་ཁྲིད་པ་གཙོ་བོ་གྲོས་མོལ་བྱེད་ཐེངས་དང་པོ་རེད།

★ ཟླ་5ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་རིགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད།

★ ཟླ་6ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཞི་བའི་ལས་ཐོག་མི་སྣའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་དམག་ཡོངས་སུ་ཞི་བའི་ལས་ཐོག་མི་སྣའི་ལམ་ལུགས་ལག་ལེན་བསྟར་རྒྱུའི་གཏན་འཁེལ་བྱས་པ་རེད།

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博