http://zw.xzqnb.cn/Content/weixinlogo.png
འཇིག་རྟེན་འདིའི་ཐོག་ཏུ་ང་ཚོར་ཚེ་སྲོག་གནང་མཁན་ནི་རླབས་ཆེ་བའི་
http://zw.xzqnb.cn/m/content/2023-11/09/000351.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ངའི་བརྩེ་བའི་ཨ་མ།

༄༅། །སྒེའུ་ཁུང་འགྲམ་གྱི་འཆར་ཡན།

༄༅། །བཀའ་དྲིན་ཅན་གྱི་མ་ཡུམ།

༄༅། །ངའི་ནང་གི་གཡུང་དྭགས།

等待处理…

༄༅། །བཀའ་དྲིན་ཅན་གྱི་མ་ཡུམ།

作者 ཡོན་ཏན་རྒྱ་མཚོ།
2023年11月09日

འཇིག་རྟེན་འདིའི་ཐོག་ཏུ་ང་ཚོར་ཚེ་སྲོག་གནང་མཁན་ནི་རླབས་ཆེ་བའི་མ་ཡུམ་ཡིན་པ་དང་། མ་ཡུམ་མེད་ན་ང་ཚོ་འཇིག་རྟེན་འདིའི་ཐོག་ཏུ་འཛོམས་མི་ཐུབ་ལ་ཁོང་གི་དཀའ་སྡུག་ཇི་ལྟར་མྱངས་ནས་བུ་ཕྲུག་གསོ་སྐྱོང་བྱ་བ་དང་བརྩེ་བ་ཆེན་པོས་བྱམས་སྐྱོང་ཇི་འདྲ་གནང་བ་ག་ནས་ཤེས་ཚོར་ཐུབ།

བདག་གི་སྐྱེད་མ་ནི་ང་ལ་ཐུགས་ཁུར་དང་སེམས་ཁྲལ་ཆེ་ཤོས་གནང་མཁན་གྱི་བུད་མེད་ཞིག་ཡིན་ལ། ཆུང་ནས་ད་བར་ཁོང་གིས་ངའི་ཆེད་དུ་དཀའ་བ་མང་པོ་སྤྱད་པ་མ་ཟད། ཐ་ན་ངའི་དོན་དུ་ཚེ་སྲོག་ལའང་འཛེམས་མེད་གནང་ཚུལ་ཡབ་ཆེན་མཆོག་ནས་རྒྱུན་དུ་གསུངས།

གུས་པ་དུས་རྒྱུན་སློབ་གྲྭར་འགྲོ་བའི་དུས་ཁོང་གིས་བདག་ལ་བུ་ཕྲུག་གཞན་ལས་ལྷག་པའི་སློབ་སྦྱོང་དང་། འཚོ་བའི་ཆ་རྐྱེན་བསྐྲུན་པ་ཙམ་མ་ཡིན་པར་སློབ་སྦྱོང་གི་ལེགས་ཞན་དང་གཟུགས་པོའི་བདེ་ཐང་སོགས་ཀྱི་ཐད་འཛིན་བདག་ལ་བཀའ་འདྲི་བར་མེད་ཞུ་གནང་གིན་ཡོད། དེ་བཞིན་ང་རང་ཁྱིམ་དུ་ལོག་སྐབས་ཨ་མའི་འཚམས་འདྲི་ཐོག་མ་ནི་བུ་རང་སློབ་གྲྭའི་ནང་འཚོ་བ་གང་འདྲ་འདུག་གམ། འཁྱགས་པ་དང་ལྟོགས་པ་སོགས་བྱེད་ཀྱི་མི་འདུག་གམ་ཞེས་ཡང་ནས་ཡང་དུ་འདྲི་བར་བྱེད། གཟའ་འཁོར་གསུམ་གྱི་དུས་སུ་སློབ་གྲྭར་ལྟ་བར་ཡོང་བའི་དུས་ལའང་ནང་ནས་བཟོས་པའི་ཟས་ཞིམ་པོ་གང་མང་དང་འཐུང་ཆུ་སྣ་ཚོགས་འཁྱེར་ཡོང་བ་ལས། ཁོང་གིས་བདག་ལ་བཅངས་པའི་བརྩེ་བ་ཆེན་པོ་མཚོན་པས་རང་ཉིད་ནས་བརྩོན་པའི་གྲུ་ཆུང་ལ་བརྟེན་ནས་རིག་པའི་རྒྱ་མཚོ་གྲོལ་བ་བྱས་ཏེ་དྲིན་ཆེན་སྐྱེད་མའི་བཀའ་དྲིན་མྱུར་བར་འཇལ་ཐུབ་པ་བྱ་རྒྱུ་ཡིན། །

ལྷོ་བྲག་རྫོང་སློབ་འབྲིང་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། ཚེ་རིང་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博