http://zw.xzqnb.cn/Content/weixinlogo.png
དགུན་གསུམ་གྱི་རླུང་འཚུབ་ནི་མ་འབོད་མགྲོན་དུ་སླེབས་ནས་ས་གཞི་ཆེ
http://zw.xzqnb.cn/m/content/2023-11/09/000350.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ངའི་བརྩེ་བའི་ཨ་མ།

༄༅། །སྒེའུ་ཁུང་འགྲམ་གྱི་འཆར་ཡན།

༄༅། །བཀའ་དྲིན་ཅན་གྱི་མ་ཡུམ།

༄༅། །ངའི་ནང་གི་གཡུང་དྭགས།

等待处理…

༄༅། །སྒེའུ་ཁུང་འགྲམ་གྱི་འཆར་ཡན།

作者 བུང་ཆུང་།
2023年11月09日

དགུན་གསུམ་གྱི་རླུང་འཚུབ་ནི་མ་འབོད་མགྲོན་དུ་སླེབས་ནས་ས་གཞི་ཆེན་མོའི་སྟེང་ལ་ཡོད་པའི་ཚོན་མདོག་སྣ་ལྔའི་མདངས་རྣམས་བཅོམ་པར་བྱས། ཕ་ཡུལ་ནི་དགོས་པ་མེད་པའི་དྭ་ཕྲུག་བཞིན་ཐལ་རླུང་དཀྱིལ་ལ་སྐྱ་ཐལ་ལེར་གནས་འདུག

རྒྱང་རིང་ལ་བལྟས་པ་ན་མིག་ལམ་དུ་འཆར་བ་ནི་རི་རབ་ལྷུན་པོ་རྣམས་ཐལ་རླུང་དཀྱིལ་ནས་རབ་རིབ་ཙམ་ལས་མཐོང་རྒྱུ་མི་འདུག དེའི་སྟེང་ན་ནོར་ལུག་འཚོ་བཞིན་པའི་ཨ་ཕོ་ལུག་རྫིས་རྡོ་ཆེན་པོའི་འོག་ལ་ལྷགས་གཡོལ་བྱེད་བཞིན་གཡང་དཀར་ལུ་གུ་རྣམས་འཚོ། དབྱར་དུས་རྩྭ་ཐང་སྔོན་མོའི་སྟེང་གཡང་དཀར་ལུག་ཁྱུ་བརྗོད་ན་སྐྱོན་ཅི་ཡང་མེད་མོད། དགུན་དུས་ནི་བྲག་རི་དང་སྤང་རི། རྫ་རི། ལུག་ཁྱུ་རྣམས་ནི་གྲོས་བྱས་པ་དང་འདྲ་བར་ཡོངས་རྫོགས་གཅིག་པ་རེད་འདུག དེ་ནས་ཚུར་ལ་བལྟས་པ་ན་མཚོ་མོ་ཡར་འབྲོག་གཡུ་མཚོ་དང་གོང་མོ་མཚོ་གཉིས་པོ་ཁ་སྒོ་སྐྱེ་འབྲས་མཚར་བའི་བུད་མེད་ཅིག་གིས་རང་རང་གི་ངོ་གདོང་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྲིང་བལ་མཐུག་པོའི་མལ་ཆས་ནང་གཟིམས། ཁོ་གཉིས་ནི་གདུག་རྩུབ་ཆེ་བའི་ཐལ་རླུང་དེ་ལ་སེམས་གཏིང་ནས་འཁོན་འཛིན་བྱེད་པ་ལྟར་དར་ནི་སྔར་རྒྱུན་ལས་མཐུག་པ་ཆགས། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་འཕྲོ་ཞེས་པ་ལྟར་མཚོ་མོ་གཉིས་པོ་ལ་དར་ཆགས་ཀྱང་སྐྱ་ཐིང་ཐིང་གི་ས་གཞིའི་སྟེང་ནས་མངོན་གསལ་དོད་ཤོས་རེད་འདུག སྣུམ་ཐིང་ངེར་གནས་པའི་གཞུང་ལམ་དེ་ཆུ་ཕྲན་ཞིག་དང་འདྲ་བར་ཕ་ཡུལ་གཞོགས་གཉིས་ལ་ཕྱེ་ཡོད། དེ་ནི་སྤྱིར་བཏང་གི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ། སློབ་བུ་རྣམས་རང་དགོས་ཤེས་བྱ་ལེན་པར་སོང་བའི་ལམ་དང་། གཞོན་ནུ་རྣམས་རང་རང་གི་ཕུགས་བསམ་མངོན་འགྱུར་བྱེད་པར་བསྐྱོད་པའི་ལམ། ཕ་མ་རྣམས་བུ་ཕྲུག་ཐུགས་འཕྲད་བྱེད་སར་བསྐྱོད་པའི་ལམ་ཡིན་ནོ། ། ལམ་དེ་གནས་གང་ནས་མགོ་བརྩམས་པ་དང་གནས་གང་འདྲ་ཞིག་ཏུ་མཇུག་སྒྲིལ་བ་ནི་ངས་ད་ལྟའང་མི་ཤེས། འོན་ཀྱང་ལམ་དེའི་སྟེང་དུ་མི་གྲངས་མང་གི་སྒྲུང་གཏམ་དང་ལང་ཚོ་སིམ་ཡོད་པ་ནི་ངས་ཤེས་ཀྱི་ཡོད། དེ་ནས་ཉེ་སར་བལྟས་པ་ན་གྲོང་པའི་ཨ་ཅག་བ་མོ་རྣམས་ལ་ཆུ་སྟེར་པར་ཐོན་སོང་། ཐལ་རླུང་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཁོང་གིས་བ་མོ་རྣམས་རང་གི་ཁྱིམ་སྒོའི་འགྲམ་ནས་དེད་པ་ཙམ་ལས་རང་ཉིད་ནི་རྒྱུགས་ཆུའི་འགྲམ་དུ་ཕྱིན་མ་སོང་། སྒེའུ་ཁུང་འགྲམ་གྱི་གློག་སྐུད་སྟེང་དུ་བྱིའུ་འགའ་གནས་པ་དེ་དག་ཀྱང་ཐལ་རླུང་དཀྱིལ་ལ་མིག་ཀྱང་མི་གདངས། གྲང་ངར་གྱི་རྐྱེན་པས་བྱིའུ་མང་པོ་འཁྱགས་ཤི་ཐེབས་པ་དང་ཡང་ན་ལྟོགས་ཤི་ཐེབས་པ་སོགས་ཡོད། ཁོ་ཚོས་ཀྱང་གློག་སྐུད་སྟེང་དུ་རང་རང་གི་ལས་དབང་འདི་ལ་ཐང་ཆད་པ་དང་འདྲ་བར་མགོ་བོ་དུད་ནས་བསྡད་འདུག ཕ་ཡུལ་གྱི་འཁྲུག་ཆ་དོད་པའི་བྲོ་བ་དེ་དག་ཐལ་རླུང་གིས་མཉམ་དུ་ཁྱེར་པ་དང་འདྲ་བར་མི་ཚང་མ་རང་རང་གི་ཁྱིམ་དུ་བསྡད་པ་ལས་ཕྱི་རུ་དོན་མཁན་གཅིག་ཀྱང་མི་འདུག སྟོན་གསུམ་གྱི་གཡུར་ཟའི་འབྲས་བུ་བསྡུས་མ་ཐག་ཏུ་ཕ་ཡུལ་གྱི་མི་རྣམས་ཀྱིས་རང་རང་གི་ཁྱིམ་ལ་ས་དཀར་གཏོང་སྲིད། སྐབས་དེ་དུས་བལྟས་པ་ཡིན་ན་ཕ་ཡུལ་འདི་ནི་མུ་ཏིག་ས་ལ་བཀྲམ་པ་དང་ཨ་ན་མ་ན་རེད། ཡིན་ཡང་ད་ལྟ་ཐལ་རླུང་གིས་རྐྱེན་པས་ཡོངས་རྫོགས་ཐལ་མདོག་ཏུ་གྱུར་འདུག

སྒེའུ་ཁུང་ནང་ངོས་ནས་ཕྱི་ངོས་ལ་བལྟས་ཚེ་ཤམ་བུ་དེ་ནི་རླུང་བུ་དང་ལྷན་དུ་འགུལ་ཤུགས་ཤིན་ཏུ་ཆེ། ནོར་ལུག་རྣམས་ཀྱང་རང་དགར་རྩྭ་ཆུར་མི་རོལ་བར་གང་སར་རྒྱུགས། མཚོ་མོ་གཉིས་པོར་ཆགས་པའི་དར་ཡང་རླུང་གིས་སེར་ཁ་གས། བྱིའུ་ཆུང་རྣམས་ནི་འཕུར་ཙམ་འཕུར་ཙམ་བྱེད། མི་ཚང་རེ་རེའི་དུ་ཁུང་ནང་དུ་བ་ཐོན། ཕལ་ཆེར་དེ་སྔོན་གྱི་འཁྲུག་ཆ་དོད་པོ་དེ་སླར་ཡང་མགྱོགས་པོ་འཆར་རྒྱུ་ཡིན་པ་འདྲ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博