http://zw.xzqnb.cn/Content/weixinlogo.png
མདང་གསུམ་ཁོ་བོ་ཡི་སྨོན་ལམ། །བཅོ་ལྔའི་དུང་ཟླ་ཡི་ཀློང་ན། །མཛའ་ག
http://zw.xzqnb.cn/m/content/2023-09/28/000289.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མཛོ་མོ་འཚོལ་བ།

༄༅། །སྣང་གསལ་སྒྲོན་མེ།

༄༅། །དབྱངས་ཅན་མར་བསྐུར་བའི་མཛའ་འཕྲིན།

等待处理…

༄༅། །དབྱངས་ཅན་མར་བསྐུར་བའི་མཛའ་འཕྲིན།

作者 དབང་ཆེན།
2023年09月28日

མདང་གསུམ་ཁོ་བོ་ཡི་སྨོན་ལམ། །བཅོ་ལྔའི་དུང་ཟླ་ཡི་ཀློང་ན། །

མཛའ་གྲོགས་དབྱངས་ཅན་གྱི་ཞལ་འཛུམ། །ཡིད་ལ་འཁོར་འཁོར་རང་བྱས་བྱུང་། །

གདོང་བཞི་ཚངས་སྲས་ཀྱི་ལྷ་མོ། །དབང་བའི་བསྐལ་བ་ཞིག་མི་རུང་། །

ར་བཟི་ཁོ་བོ་ཡི་སེམས་ལ། །དྲན་པ་འགོག་ཐབས་རང་མི་འདུག །

བཅོ་ལྔའི་ཟླ་འོད་ཀྱི་འོག་ནས། །དྲི་བཞོན་རྟ་མཆོག་ལ་བཅིབས་ཏེ། །

མི་རྟག་རྨི་ལམ་གྱི་ཁྲོད་ནས། །མཛའ་བརྩེའི་ལྡུམ་ར་ལ་ཕེབས་ཤོག །

རིག་པའི་ཤེས་རབ་ཀྱི་ལྷ་མོ། །ཐུག་པའི་བསྐལ་བ་འདི་དཀའ་བས། །

ལྷད་མེད་བརྩེ་བ་ཡི་མཆོད་ཆང་། །མཛའ་གྲོགས་ཁྱེད་ཉིད་ལ་སྤྲིངས་ཡོད། །

བཅོ་ལྔའི་དཀར་གསལ་གྱི་ཟླ་བ། །འགྲིབ་པའི་ནམ་དུས་ཤིག་མཆིས་ཀྱང་། །

མཛའ་གྲོགས་དབྱངས་ཅན་གྱི་ཞལ་འཛུམ། །མ་བྲལ་སེམས་དབུས་ན་བཅངས་ཡོད། །

མི་ཚོགས་བརྒྱ་འགྲོ་ཡི་འཕྱ་སྨོད། །ཚ་གདུང་ཁ་སང་གི་རྨ་ཁ། །

མཛའ་མོ་དབྱངས་ཅན་གྱི་འཛུམ་མདངས། །སེལ་བའི་སྨན་མཆོག་རང་ལོས་ཡིན། །

སྐོམ་ཡང་ཡུལ་ཆུ་ཡི་སྙིགས་མ། །མི་འཐུང་འབྲོང་རྒོད་ཀྱི་ངང་ཚུལ། །

སྐྱོ་ཡང་ཕྱོགས་རིས་ཀྱི་བརྩེ་བ། །མི་བཅངས་ཁོ་བོ་ཡི་ངང་ཚུལ། །

ཁྱེད་ནི་ཐང་དཀར་གྱི་རྒོད་པོ། །ང་ནི་སྡེར་ཐོགས་ཀྱི་གླག་མོ། །

ལས་ཀྱི་བཀོད་པ་ཞིག་མིན་ན། །འཛོམས་པའི་དགོས་པ་རང་ཅི་ཡོད། །

དེ་ཕྱིར་ལས་དབང་གི་རྒན་པོའི། །ངག་འཇམ་ཁ་ཏ་ལ་ཉན་ནས། །

ཁོ་བོའི་དྲན་སེམས་ཀྱི་པང་དུ། །མ་བྲལ་ཡུན་རིང་དུ་བཞུགས་རོགས། །

ལས་མེད་འཁྱམས་པོ་ཡི་བརྩེ་བ། །ནག་ནོག་དྲི་མ་རང་མེད་པས། །

སྐུ་ཉིད་དབྱངས་ཅན་གྱི་ལྷ་མོ། །སོས་དལ་བག་ཕེབས་ལ་བཞུགས་རོགས། །

ཁོ་བོ་ནོར་བཟང་གི་ཚུལ་ནས། །དབྱངས་ཅན་ཡིད་འཕྲོག་གི་དྲུང་དུ། །

བརྩེ་བའི་མཛའ་འཕྲིན་གྱི་ལྷད་མེད། །དམ་བཅའི་ཐམ་ཁ་དེ་བརྒྱབ་ཡོད། །

ལྷ་མོ་ངག་དབང་གི་ལྷ་མོ། །ལྷ་མོ་གཏན་གྲོགས་ལ་བྱུང་ན། །

ལྷ་མོ་ཁྱེད་ཉིད་ལས་ལྷག་པའི། །ལྷ་མོ་མི་ཡུལ་ལ་མེད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博