http://zw.xzqnb.cn/Content/weixinlogo.png
ལོ་མང་རིང་ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་
http://zw.xzqnb.cn/m/content/2023-09/08/000241.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ།

“འགག་གནད་སྒྲོལ་བ”ནས“མདུན་གྲལ་དུ་སྐྱོད་པའི”བར་འབད་འཐབ་བྱེད་པ།

དམངས་ཕན་མ་དངུལ་དོན་འཁྱོལ་བྱས་ནས་སྟོན་བསྡུའི་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

等待处理…

“འགག་གནད་སྒྲོལ་བ”ནས“མདུན་གྲལ་དུ་སྐྱོད་པའི”བར་འབད་འཐབ་བྱེད་པ།

ནག་ཆུ་གྲོང་ཁྱེར་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་བཏོད་པའི་སྐོར།

2023年09月08日

ལོ་མང་རིང་ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“ས་བབ་ལ་འགྱུར་ལྡོག་གཏོང་མ་ཐུབ་ནའང་འབད་འབུངས་དང་བློ་དཀར་སེམས་དཀར་བྱེད་པ་དང་། གསོ་རླུང་མི་འདང་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་མ་ཐུབ་ནའང་སྙིང་སྟོབས་རྒྱས་པ། རླུང་གནོན་ལ་འགྱུར་ལྡོག་གཏོང་མ་ཐུབ་ནའང་གཟི་བརྗིད་བརྩོན་ལེན་བྱེད་པ། དཀའ་ཚེགས་ལ་འགྱུར་ལྡོག་གཏོང་མ་ཐུབ་ནའང་ལ་རྒྱ་ཡོད་པར་བྱེད་པ”བསམ་པའི་བརྩོན་ལེན་བྱེད་ས་དང་འབད་འཐབ་བྱེད་པའི་རྣམ་འགྱུར་དང་། བོད་སྐྱོད་པ་རྒན་གྲས་ཚོའི་སྙིང་སྟོབས་རྒྱུན་འཛིན་དང་ཕུན་སུམ་ཚོགས་སུ་གཏོང་བའི་ནག་ཆུའི་བྱ་སྤྱོད་ལ་བརྩིས་ཏེ། དངོས་ཐོག་བདེན་འཚོལ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ནག་ཆུའི་ལས་དོན“དཀའ་གནད་སྒྲོལ་བ”ནས“མདུན་གྲལ་དུ་སྐྱོད་པར”འབད་འབུངས་བྱེད་པའི་བར་དང“རྙོག་དྲ་མི་བཟོ་བ་དང་མཐའ་ཚད་སྲུང་བ”ནས“འགན་འཁྲི་སྒྲུབ་པ་དང་ལེགས་སྐྱེས་འབུལ་བའི”བར་འགྱུར་ལྡོག་བྱུང་ནས་ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་བཏོད་ཡོད།

དཔལ་འབྱོར་འཁོར་རྒྱུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཞིང་། ལོ་སྟོད་དུ་ནག་ཆུ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་8.1%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་54%འཕར་ནས་ལྗོངས་ཡོངས་ཀྱི་བརྒྱ་ཆའི་གྲངས་25.6ལས་མཐོ་བ་ཡོད་པ། གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་14.4%འཕར་ནས་ལྗོངས་ཡོངས་ཀྱི་བརྒྱ་ཆའི་གྲངས་4ལས་མཐོ་བ་ཡོད་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་འཕར་ཚད་ལྗོངས་ཡོངས་ཀྱི་བརྒྱ་ཆའི་གྲངས་3.21ལས་མཐོ་བ་ཡོད་པ། ཁྲལ་འབབ་དུས་མཚུངས་ལས་194%འཕར་བ་དང་དུས་བབ་སྔོན་དཔག་ལས་ལེགས་པ་ཡོད་པ་གཙོ་བོ་གནས་ཐང་འཕར་ཁྲལ་དང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ལེགས་སྐྱེས་འབུལ་ཚད་90.1%ཟིན་པ་ལས་མཚོན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་མྱུར་ཚད་42.79%ཟིན་པ། “ཡོང་འབབ་གཉིས”འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་དུས་མཚུངས་ལས་5.2%དང་8.7%འཕར་ཡོད་པ་རེད།

རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་ཞིང་། ལོ་སྟོད་དུ་རྣམ་གྲངས་ཆེ་གྲས་ཁག་གཅིག་གཅིག་སྡུད་ལས་འགོ་ཚུགས་ཤིང་། མིག་སྔར་མ་དངུལ་དོན་འཁྱོལ་ཐུབ་པའི་རྣམ་གྲངས་529ཟིན་པ་དང་ལས་འགོ་ཡང་བསྐྱར་ཚུགས་ཚད་88.28%ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད་པ་རེད།

ཟླ་7ཚེས་28ཉིན། ནག་ཆུ་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་མ་ཟད། བརྟན་ལྷིང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་བྱས་ཡོད།

གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་གྱིས་འགན་འཁྲི་རྟོགས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། ནག་ཆུ་གྲོང་ཁྱེར་གྱི་འབད་འཐབ་དམིགས་ཚད་དང་འཐབ་ཇུས་ལས་འགན་དང་ཡང་ཡང་སྡུར་བ་བྱས་ནས་ནག་ཆུ་ནི་མཐའ་བརྟན་བོད་བརྟན་གྱི་འཐབ་ཇུས་འགན་ལེན་འདེགས་སྐྱོར་དང་། གླིང་སྣེའི་ས་ཁུལ་གྱི་ས་མཐོའི་ཚན་ཞིབ་ལྟེ་གནས་དང་རྟེན་གཞི། གླིང་སྣེའི་ས་ཁུལ་གྱི་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་གྱི་ལྟེ་བའི་ནུས་པའི་ངེས་གནས་བཅས་ཡིན་པ་ཁོང་དུ་ནན་པོ་ཆུད་པ་དང“གྲོང་གསེབ་དར་རྒྱས། ནག་ཆུའི་མདུན་སྐྱོད”ཀྱི་བྱེད་སྒོའི་ལས་སྟེགས་ཁོང་དུ་ཆུད་པར་བྱས་ཏེ། ནུས་རྒྱུ་གཙང་མའི་རྟེན་གཞི་དང་གླིང་སྣེའི་ས་ཁུལ་གྱི་ས་མཐོའི་སྐྱེ་དངོས་མཛོད། ས་མཐོའི་ཕུལ་བྱུང་དང་ཁྱད་ལྡན་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕྲལ་སྡོམ་དངོས་གསོག་གྲབས་གསོག་དང་དེ་བཞིན་མྱུར་སྐྱེལ་ཟོག་འགྲེམས་རྟེན་གཞི། སྐྱེ་ཁམས་སྤུས་རྟགས་གྲོང་ཁྱེར་བཅས་འཛུགས་སྐྲུན་གྱི“རྣམ་གྲངས་ཆེན་པོ་ལྔ”སྣེ་འདྲེན་དུ་བྱེད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་གཞི་ཚུགས་ཏེ་རང་ངོས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་ནན་ཏན་དང་སྲོག་ཤིང་གི་ནུས་པ་འཚོལ་བ་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་གཞི་རྩའི་ལས་འགན་ལ་རྩི་ཡི་ཡོད་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博