西藏青年报藏文版གལ་ཆེའི་གསར་འགྱུར། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ།  “འགག་གནད་སྒྲོལ་བ”ནས“མདུན་གྲལ་དུ་སྐྱོད་པའི”བར་འབད་འཐབ་བྱེད་པ། དམངས་ཕན་མ་དངུལ་དོན་འཁྱོལ་བྱས་ནས་སྟོན་བསྡུའི་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

放大 缩小 默认

དམངས་ཕན་མ་དངུལ་དོན་འཁྱོལ་བྱས་ནས་སྟོན་བསྡུའི་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དགའ་ལྷ་ནུབ་གྲོང་ཚོར་བརྔ་བསྡུ་འཕྲུལ་ཆས་སྤྲོད་པའི་མཛད་སྒོ་འཚོགས་པ།

ཟླ་9ཚེས་2ཉིན་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ “ཨུ་ལྷན་གཉིས”ཀྱིས་གྲོང་ཚོ་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་བརྔ་བསྡུ་འཕྲུལ་ཆས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་དགའ་ལྷ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པས་གྲོང་ཚོ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱོགས་མང་པོའི་ཐད་ནས་བརྟག་ཞིབ་བྱས་པ་བརྒྱུད་མང་ཚོགས་ཀྱི་དགོས་མཁོར་ཤེས་རྟོགས་དང་། རྨང་བརྟན་དམངས་ཕན་གྱི་མ་དངུལ་བེད་སྤྱོད་ཀྱིས་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་དུད་ཚང་154ལ་བརྔ་བསྡུ་འཕྲུལ་ཆས་ཉོས་ནས་སྟོན་བསྡུའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་14.09དོན་འཁྱོལ་བྱས་པ་རེད། ཉིན་དེར་གྲོང་ཚོ་དེ་ཡོངས་ཀྱི་ཁྱོན་མི་300ལྷག་ཙམ་བརྔ་བསྡུ་འཕྲུལ་ཆས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

གོམ་སྟབས་རྗེས་མར་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དགའ་ལྷ་གྲོང་ཚོའི་གཞོན་ནུའི་ཚོགས་མི་དང་། དང་བླངས་པ། གཞོན་ནུ་འཕྲལ་རྒོལ་རུ་ཁག་བཅས་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་། ངལ་རྩོལ་ནུས་ཤུགས་མི་འདང་བའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟོན་བསྡུའི་ལས་དོན་ལེགས་སྒྲུབ་བྱེད་རོགས་བྱས་ནས། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

སྲུང་ལན་ཧྭ།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明