http://zw.xzqnb.cn/Content/weixinlogo.png
1997ལོ།(1)★ ཟླ་2ཚེས་19ཉིན་ཏེང་ཞའོ་ཕིང་སྐུ་གཤེགས།★ ཟླ་3ཚེས་14ཉིན་རྒྱལ
http://zw.xzqnb.cn/m/content/2023-08/04/000198.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བདེ་འཇགས་ལྡན་པའི་དབྱར་གསེང་གཏོང་། དུག་འགོག་ལས་ལ་ལྷོད་གཡེང་མེད།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

ཤེས་རིག་སྒྱུ་རྩལ་གྱིས་མིའི་རིགས་འཚོ་གནས་ལ་བློ་འབྱེད་ཁྲིད་སྟོན་བྱེད་པ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年08月04日

1997ལོ།(1)

★ ཟླ་2ཚེས་19ཉིན་ཏེང་ཞའོ་ཕིང་སྐུ་གཤེགས།

★ ཟླ་3ཚེས་14ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》སོགས་ལ་གྲོས་འཆམ་བྱུང་བ་དང་འབྲེལ། ཁྲུང་ཆིང་ཐད་སྐྱོང་གྲོང་ཁྱེར་འཛུགས་རྒྱུ་དང་དེ་སྔའི་ཁྲུང་ཆིང་གྲོང་ཁྱེར་གྱི་མིང་བསྒྱུར་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།

★ ཟླ་3ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་ཀྱི་ཚད་གཞི་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཀྲམ་པ་དང་། 2010ལོའི་ཟླ་1ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་ཀྱི་ཚད་གཞི་འགའ་ཞིག》བཀྲམ་པ་རེད།

★ ཟླ་5ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ཀྱི་བྱེད་སྤྱོད་བཀག་འགོག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཀྲམ་པ་རེད།

★ ཟླ་6ཚེས་4ཉིན་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག《རྒྱལ་ཁབ་ཀྱི་གཙོ་གནད་རྨང་གཞིའི་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་འཆར་འགོད》བཟོ་རྒྱུའི་གཏན་འབེབས་བྱས་པ་དང་། དེ་རྗེས་ཚན་རྩལ་པུས་རྒྱལ་ཁབ་ཀྱི་གཙོ་གནད་རྨང་གཞིའི་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་འཆར་གཞི(“973འཆར་གཞི”)ལག་ལེན་བསྟར་རྒྱུ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་སྟོན་ཕྱོགས་ཀྱི་རྨང་གཞིའི་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད།

★ ཟླ་6ཚེས་30ཉིན་གྱི་ནམ་ཕྱེད་ནས་ཟླ་7ཚེས་1ཉིན་གྱི་ཐོ་རེངས་སུ་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཤང་ཀང་གི་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཤང་ཀང་དུ་འཚོགས་ནས་ཀྲུང་གོ་སྲིད་གཞུང་གིས་ཤང་ཀང་གི་བདག་དབང་འཛིན་སྐྱོང་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博