འདི་ནི་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་དང་བླངས་པས་རྫོང་སློབ་འབྲིང་དུ་སློབ་མ་ཚོར་དུག་འགོག་དྲིལ་བསྒྲགས་པར་གཞི་སྟོན་བཞིན་པ།
དབྱར་གསེང་རིང་། ན་སོ་དར་ལ་མ་བབས་པའི་མིའི་དབྱར་གསེང་གི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་ཉེན་ཁ་འགོག་ཟོན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཕྲུ་གུ་ཚོར་དུས་བདེ་དང་། དགའ་སྤྲོ། བདེ་ཐང་བཅས་ཀྱི་གུང་གསེང་ཞིག་གཏོང་རྒྱུ་ཡོང་བ་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་དང་བླངས་པ་ཚོ་དང་མཉམ་དུ་རྫོང་སློབ་འབྲིང་དུ་བསྐྱོད་ནས་སློབ་མ་ཚོར་དུག་རྫས་སྔོན་འགོག་སློབ་གསོའི་དྲིལ་བསྒྲགས་སློབ་ཚན་ཞིག་ཁྲིད་པ་རེད།