西藏青年报藏文版ཕྱོགས་བསྡུས། བདེ་འཇགས་ལྡན་པའི་དབྱར་གསེང་གཏོང་། དུག་འགོག་ལས་ལ་ལྷོད་གཡེང་མེད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། ཤེས་རིག་སྒྱུ་རྩལ་གྱིས་མིའི་རིགས་འཚོ་གནས་ལ་བློ་འབྱེད་ཁྲིད་སྟོན་བྱེད་པ།

放大 缩小 默认

ཤེས་རིག་སྒྱུ་རྩལ་གྱིས་མིའི་རིགས་འཚོ་གནས་ལ་བློ་འབྱེད་ཁྲིད་སྟོན་བྱེད་པ།

□ 作者 བསོད་ནམས་བཀྲིས།

ཤེས་རིག་སྒྱུ་རྩལ་ནི་མིའི་རིགས་ཀྱི་དུས་ཧ་ཅང་སྔ་པོ་ཞིག་ནས་བསྐྲུན་པའི་མཛེས་རིས་ཀྱི་སྒྱུ་རྩལ་འཁྲུལ་མེད་ཞིག་ཡིན། ལོ་རྒྱུས་ཀྱི་དོན་སྙིང་རིང་ཞིང་རིག་གནས་དར་རྒྱས་ཆེ་བའི་དུས་སྐབས་འདིར་མི་རིགས་ཤིག་ལ་མཚོན་ན་ཕུན་སུམ་ཚོགས་པའི་མཛེས་རིས་སྒྱུ་རྩལ་དང་རྩོམ་རིག་ལོ་རྒྱུས། ཤེས་རིག་སྒྱུ་རྩལ་སོགས་མང་དག་ཞིག་ཡོད་མོད།

མིའི་རིགས་ཀྱི་བརྩམས་ཆོས་སྒྱུ་རྩལ་གྱི་གོ་དོན་ཤེས་རྟོགས་བྱུང་བར་གཞིགས་ནས་སྒྱུ་རྩལ་འདྲ་མིན་ཁག་ཀྱང་གནས་གཞུང་སྒྱུ་རྩལ་རིགས་ཁག་མང་དུ་དབྱེ་བར་སྙན་ངག་དང་། སྙན་ངག་ཚིག་བཅད། སྙན་ངག་ལས་ད་དུང་ལྷུགས་རྩོམ་དང་བརྩམས་སྒྲུང་། ཟློས་གར་བཅས་སོགས་མི་ཉུང་བ་ཞིག་ལ་དབྱེ་ཞིང་ཞབས་བྲོ་དང་། རོལ་དབྱངས། རི་མོ། བཟོ་སྐྲུན་། འཇིམ་བརྐོས་བཅས་སུ་སྒྱུ་རྩལ་རིགས་སྣ་མང་ལྡན་ཡོད་ལ་སྒྱུ་རྩལ་དེ་རིགས་དུས་ངེས་གཏན་ཞིག་ཏུ་ལོ་རྒྱུས་ཁུངས་བཙན་ཇི་སྙེད་བྱུང་ཡོད་ཐོག་མངོན་གསལ་དོད་པོས་དམངས་ཁྲོད་དུ་སྔ་ཕྱིའི་དུས་རིམ་ནང་ད་ལྟ་བེད་སྤྱོད་གཏོང་དང་གཏོང་མུས་ཡིན།

ཞབས་བྲོར་མཚོན་ན་སྒྱུ་རྩལ་ཀུན་གྱི་སྔ་རོལ་ནས་བྱུང་བ་ཞིག་ཡིན་ཞིང་དེ་རྗེས་རོལ་དབྱངས་དང་། རིམ་བཞིན་རི་མོ། བཟོ་སྐྲུན། འཇིམ་བརྐོས་བཅས་དང་། སྙན་ངག་ནི་དེ་བས་ཀྲུང་གོའི་རིགས་གཞུང་འབྱུང་སྔ་ཤོས་ཀྱི་རིག་གནས་སྒྱུ་རྩལ་ཞིག་ཡིན་ལ་མིའི་རིགས་ཀྱི་ངལ་རྩོལ་ལས་ལ་ཞུགས་སྐབས་ལས་གཞས་དང་། འདས་མཆོད་སྐབས་ཀྱི་སྨོན་ཚིག ཕོ་མོའི་ལྷད་མེད་བརྩེ་དུང་མཚོན་པ་སོགས་གླུ་ལེན་པ་དང་། དེ་དག་རིམ་བཞིན་སྙན་ངག་ཏུ་གྱུར་། སྙན་ངག་རྩོམ་རིག་ནི་ཀྲུང་གོའི་རྩམ་རིག་གི་དོན་སྙིང་ཟབ་ཅིང་འབྱུང་ཁུངས་ཀྱི་རྩ་བ་དངོས་ཀྱི་ཆུ་མགོ་ལྟ་བུར་མངོན་ཡོད་པ་རེད།

རང་རེའི་བོད་ཀྱི་རིག་གནས་ཆུང་བ་ལྔ་ཡི་ཡ་གྱལ་སྙན་ངག་ནི་ད་ལྟའི་དུས་རབས་ནས་བརྩིས་པའི་སྔར་སོང་བགྲང་བྱ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་དང་། བོད་ཀྱི་རྒྱལ་རབས་རྒྱལ་ཕྲན་མང་པོ་བརྒྱུད་ཟིན་པས་དུས་རིམ་གྱི་སྔ་རོལ་དུ་བྱུང་བར་ངེས།

ཀྲུང་གོའི་སྙན་ངགས་དང་། རྩོམ་རིག བརྩམས་ཆོས། སྒྱུ་རྩལ་རིགས་སོགས་ཕུན་སུམ་ཚོགས་ཤིང་འཛམ་གླིང་ཐོག་ཁྱབ་མང་ཤོས་དང་། སྙན་གྲགས་ཅན་གྱི་སྙན་ངག་མང་ཤོས་ཀྱི་ཀྲུང་ཧྭ་མི་རིགས་ཤིག་ཡིན་ལ་སྙན་ངག་དང་། རྩོམ་རིག་ལྟ་བ་། འཚོ་གནས་ཀྱི་དགོས་མཁོ། མཛེས་རིས་ལྟ་བ། བསམ་གཞིགས་བྱ་ཐབས་སྣ་ཚོགས་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན།

གང་ལགས་ཞེ་ན་ཡི་གེ་གྲུབ་པའི་རྗེས་མིང་ཚིག་གྲུབ་དགོས་པ་དང་། དེ་ནས་བལྟོས་བཅས་ཀྱི་བརྟན་འཇགས་དོན་དོངས་ཐོག་བརྡ་སྤྲོད་སྙན་ངག་སྟེ་རྩོམ་རིག་བྱུང་བ་ཞིག་རེད།

མདོར་ན། རྒྱལ་ཕྱི་རྒྱལ་ནང་དང་བོད་ཁུལ་ས་ཆར་ལོ་རྒྱུས་ཡུན་རིང་ཧ་ཅང་ལྡན་པ་དང་། ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་། སྙན་ངག་མཁས་ཅན། སྒྱུ་རྩལ་མཁས་ཅན་གྲངས་ལས་འདས་པ་བྱུང་ཡོད་ཕྱིན་དེར་བརྟེན་གནས་གཞུང་སྒྱུ་རྩལ་རིགས་དེ་ཚོ་གནའ་རབས་ནས་ད་ལྟའི་བར་མངོན་གསལ་དོད་པོའི་གྲུབ་འབྲས་བྱུང་ཡོད་པ་མ་ཚད་ཀྲུང་གོ་འདི་ཉིད་དང་། བོད་ཀྱི་སྲོལ་རྒྱུན་མཚན་ཉིད་རིག་པའི་ནང་རང་བྱུང་དང་འཚོ་བ་དངོས་ལ་མཐུན་པའི་གསར་རྩོམ་སྒྱུ་རྩལ་བཅས་མིའི་རིགས་ཀྱི་གསར་གཏོད་དང་། རྨང་གཞི་གཞི་གཅིག་ཏུ་འགྱུར་བ་དང་། འགལ་ཟླ་ཁ་གསབ་ཀྱིས་བསམ་བློས་ཁྲིད་སྟོན་བྱས་པའི་དབང་གིས་ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་སྒྱུ་རྩལ་སྔར་བས་འཕེལ་རྒྱས་རྒྱ་བསྐྱེད་དང་སྲ་བརྟན་ཡོང་བ་མ་ཟད། ཕུན་སུམ་ཚོགས་པའི་ཆེས་ཁྱད་པར་གྱི་ཐུན་མོང་མ་ཡིན་པའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད། སྒྱུ་རྩལ་དེ་རིགས་ནི་ཀྲུང་ཧྭ་མི་རིགས་ས་ཁོངས་ཆེན་པོའི་ལྡུམ་ར་ཞིག་དང་བླ་སྲོག་ལྟ་བུར་གྱུར་ཡོད།

ཀྲུང་ཧྭ་མི་རིགས་ཀྱི་ད་ལྟ་སྒྱུ་རྩལ་རིགས་དང་། སྙན་ངག་ལ་སོགས་ལ་མངོན་མིན་རིག་གཞུང་ལ་ཞིབ་འཇུག་རྟག་དཔྱད་དང་། གཏན་འཁེལ་མཛུབ་བཙུགས་ཀྱིས་བེད་སྤྱོད་དང་། གདེང་འཇོག མཐོང་ཆེན། སྲུང་སྐྱོབ་བཅས་བྱེད་བཞིན་ཡོད།

ལྷག་པར་དུ་གྲངས་ཉུང་བོད་རིགས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་གི་དུས་རིམ་ནས་འཛམ་གླིང་གི་ཡང་རྩེ་ཞེས་འབོད་པ་དང་། མཁའ་རླུང་གཙང་ལ་སྦགས་བཙོག་མེད་པ། ཁོར་ཡུག་གཙང་ལ་ཡུལ་ལྗོངས་མཛེས་པ། འཛམ་གླིང་ཡུལ་སྐོར་བའི་བློ་ཡིད་མགུ་བའི་ཡུལ་གྲུ་ཁྱད་པར་ཅན་ཞིག་དང་། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་གྱི་རྟེན་གཞི་དང་། ལྟེ་གནས་ཤིག་ཏུ་འགྱུར་ཡོད་པ་མ་ཟད་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་མི་རིགས་གཞན་དང་འདྲ་བར་གང་ཐད་ལ་འཕེལ་རྒྱས་འགྲོ་མགྱོགས་པ་དང་། མཛའ་མཐུན་མཉམ་གནས་ཀྱི་མེས་རྒྱལ་འཛུགས་སྐྲུན་བྱ་གཞག་ནང་མི་རིགས་རང་ཉིད་ཀྱི་བློ་རིག་བློ་རྩལ་དང་། ནུས་ཤུགས་ཡོད་ཚད་ལེགས་སྐྱེས་འཕུལ་བཞིན་ཡོད་ལ། དེ་བས་རྒྱ་བོད་མི་རིགས་དབར་ལོ་ངོ་སྟོང་ཕྲག་ལྷག་ཙམ་ནང་འཕྱར་བ་གྲུ་འདེགས་ཀྱིས་ཉམས་མྱོང་སྤེས་རེས་དང་། ཐ་ན་ཕ་མ་གཅིག་གི་བུ་ཕྲུག་ལྟར་མཛའ་བརྩེའི་འབྲེལ་བ་བརྟན་པོ་བཙུགས་ཏེ་དཔུང་པ་མཉམ་གཤིབ་ཀྱིས་ཁྱིམ་གཞིས་གསར་སྐུན་བྱ་རྒྱུ་ཡིན་པ་རེད།

ད་གཟོད་སྒྱུ་རྩལ་དེའི་ཁྲོད་འདུས་པའི་མཚན་ཉིད་རིག་པའི་བསམ་བློ་དང་མཐུན་མིན་གྱི་ འཇིག་རྟེན་ལྟ་ཚུལ་ལ་བརྟེན་ནས་སྒྱུ་རྩལ་རིགས་གསར་གཏོད་དང་། བརྒྱུད་རིམ་ཤེས་རྟོགས་ཡོང་བ་། ཞི་བདེ་གསོན་ཉམས་ལྡན་པ་བཅས་དམིགས་བསལ་གྱི་ཁྱད་ཆོས་དང་། ནུས་བ་འབུར་དུ་ཐོན་ཏེ་དུས་རབས་ཀྱི་འཕོ་འགྱུར་རེ་བ་དང་། སྒྱུ་རྩལ་རིགས་ཀྱི་དོན་སྙིང་རྒྱུས་ལོན་ཐུབ་པ། ཀྲུང་ཧྭ་མི་རིགས་འདི་ཉིད་ད་ལྟའི་དུས་རབས་འདིར་ཚན་རིག་འཕེལ་རྒྱས་དང་། ལོ་རྒྱུས་རྒྱུན་མཐུད་ཀྱི་བྱ་གཞག་དང་ལེགས་སྐྱེས་། ལོ་རྒྱུས་དངོས་གྲུབ་ཀྱི་དཔང་རྟགས་དངོས་མཚོན་ཡོད་པ་བཅས་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明