http://zw.xzqnb.cn/Content/weixinlogo.png
སྣ་མང་ཕུན་སུམ་ཚོགས་པའི་དམའ་འབྲིང་གི་འཚོ་བ་རིམ་བཞིན་མཇུག་འགྲི
http://zw.xzqnb.cn/m/content/2023-06/02/000099.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདེ་ཐང་ནི་རིན་ཆེན་གསེར་ལས་ལྷག །

༄༅། །བཞུད་ལ་ཉེ་བའི་དམའ་འབྲིང་གི་འཚོ་བ།

༄༅། །ང་ལམ་དུ་གནས་ཡོད།

བོད་ཀྱིས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་སྤུས་ཚད་མཐོ་པོས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ།

等待处理…

༄༅། །བཞུད་ལ་ཉེ་བའི་དམའ་འབྲིང་གི་འཚོ་བ།

作者 ལྷ་རྒྱལ་གཡུ་སྒྲོན།
2023年06月02日

སྣ་མང་ཕུན་སུམ་ཚོགས་པའི་དམའ་འབྲིང་གི་འཚོ་བ་རིམ་བཞིན་མཇུག་འགྲིལ་ལ་ཉེ། འདས་ཟིན་པའི་ལོ་ཟླ་ལ་ཕྱིར་མིག་ཅིག་བལྟས་ཚེ་ཡོད་ཚད་ནི་ཁ་སང་གསར་དུ་བྱུང་བའི་གནས་ཚུལ་དང་འདྲ། ལོ་ངོ་གསུམ་གྱི་དགའ་སྐྱོ་འདྲེས་མའི་འཚོ་བའི་ནང་ང་ཚོར་བག་ཆགས་ཟབ་པའི་དོན་དག་མང་པོ་ཞིག་འཕྲད་ཡོད།

སློབ་གྲྭར་ཞུགས་མ་ཐག་པའི་སྐབས་སུ་ཕན་ཚུན་ངོ་མི་ཤེས་པ་ནས་རིམ་གྱིས་ངོ་ཤེས་པར་གྱུར། ང་ཚོས་མཉམ་དུ་དཔེ་ཆ་ཀློག་པ་དང་མཉམ་དུ་ཡི་གེ་འབྲི་བ། མཉམ་དུ་རྩེད་མོ་རྩེ་ཞིང་དགའ་བའི་གཏམ་གླེང་བྱེད། མཉམ་དུ་སྤོ་ལོ་སྣ་ཚོགས་ལ་རོལ་ཞིང་སྤོ་ལོའི་ཐང་ཆེན་ཡོངས་རྫོགས་སློབ་མ་རྣམས་མཆོང་རྒྱུགས་འགྲན་གསུམ་བྱེད་པའི་རྣམ་པས་ཁེངས། ཕན་ཚུན་བར་དགའ་སྤྲོ་མཉམ་དུ་ལོངས་སུ་སྤྱོད་ཅིང་དཀའ་ཚེགས་ལྷན་དུ་ཁྱད་གསོད་བྱེད་རེས་བྱེད། ངོ་མ་བདེ་སྐྱིད་ཟེར་བ་འདི་ལས་ལྷག་པ་ཞིག་ག་ལ་ཡོད།

དམའ་འབྲིང་འཚོ་བ་ལ་མངར་བའི་ཆ་མཆིས་ཤིང་སྐྱུར་མོའི་རང་བཞིན་ཡང་ལྡན། སྐབས་འགར་རྒྱུགས་མ་འཕྲོད་པའི་ཚེ་རང་གིས་རང་ལ་ཁོང་ཁྲོ་ཟ་བ་དང་འགྱོད་པ་སྐྱེས་ཏེ་མིག་ཆུ་འཛག ། མཚམས་རེར་དགེ་རྒན་གྱིས་གནད་དོན་བརྟག་དཔྱད་ཇི་བཞིན་མ་བྱུང་བར་མ་ཉེས་ཁ་གཡོག་བྱེད་པའི་སྐབས་ཀྱང་ཡོད་པས་རང་སེམས་སྡུག་གིས་མནར་བར་བྱེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ཚེ། སྐྱོ་དགོས་པའི་གནས་ཚུལ་དེ་དག་ཀྱང་སྐབས་འགར་རང་ཉིད་སྒྱུར་བཅོས་དང་ཡར་རྒྱས་འགྲོ་བའི་རྒྱུ་རྐྱེན་ལ་འགྲོ་བས། དེ་ནི་དགའ་འོས་པའི་ལག་རྟགས་ཤིག་ཏུའང་བརྩི་རུང་བར་སྙམ། རང་ཉིད་རྒྱུགས་ཡག་པོ་མ་འཕྲོད་པའི་སྐབས་སུ་ངས“གྲུབ་འབྲས་ནི་འབད་པ་བྱེད་མཁན་གྱི་མི་ལ་དབང”བར་འདོད་དེ། རང་གིས་རང་ལ་མུ་མཐུད་རིག་པ་སྒྲིམ་པའི་སྐུལ་ལྕག་བྱེད་པ་དང་། སྐབས་རེར་གྲུབ་འབྲས་དེ་ཙམ་མ་ཐོབ་པར་གཞན་གྱི་སྐྱོན་བརྗོད་ཕོག་སྐབས། སེམས་སུ་མི་དེ་དག་ལ་མི་དགའ་བ་མི་བྱེད་པ་མ་ཟད་དེ་ནི་རང་སྡུག་རང་གིས་ཉོས་པ་ཡིན་པས་གཞན་སུ་ཞིག་ལའང་འཁང་ར་བྱེད་ས་མེད་སྙམ་གྱི་ཡོད། དམའ་འབྲིང་གི་སློབ་སྦྱོང་འཚོ་བ་ནི་དཀའ་ཚེགས་ཤིན་ཏུ་ཆེ་ན་ཡང་། དེའི་ཁྲོད་དུ་ང་རང་ལ་དགའ་འོས་པའི་གནས་ཚུལ་ཡང་མང་པོ་ཞིག་འཕྲད་བྱུང་ལ། དགེ་རྒན་དང་སློབ་གྲོགས་རྣམ་ པའི་ཐུགས་ཁུར་འོག་རང་ཉིད་ལ་སྦྱངས་འབྲས་ཀྱང་མི་དམན་པ་ཐོབ་པས་མུ་མཐུད་དཀའ་ངལ་ཁྱད་བསད་ཐུབ་ན་མཐོ་འབྲིང་ལེགས་པ་ཞིག་ཏུ་རྒྱུགས་འཕྲོད་པའི་ཡིད་ཆེས་དང་རེ་བ་བྱེད།

ལོ་ངོ་གསུམ། ཏག་ཏག་ལོ་ངོ་གསུམ་རེད། ལོ་ངོ་གསུམ་གྱི་ནང་དུ་ང་ཚོ་ཕན་ཚུན་ཤིན་ཏུ་འདྲིས་པར་གྱུར་ཅིང་། ཕ་རོལ་པོའི་མིག་གི་ལྟ་སྟངས་དང་འགུལ་སྟངས་ཤིག་ལས་ཀྱང་དེའི་སེམས་སུ་ཅི་ཞིག་བསམས་བཞིན་པ་རྟོགས་ཐུབ། ལོ་ངོ་གསུམ། ཏག་ཏག་ལོ་ངོ་གསུམ་རེད། ལོ་ངོ་གསུམ་གྱི་རིང་ལ་དགའ་བ་མཉམ་དུ་མྱོང་། སྐྱོ་བ་མཉམ་དུ་བཏེགས། དགའ་སྐྱོ་ཆགས་སྡང་ཡོད་ཚད་འཁུར་རེས་བྱས་པས་ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ལྟར་མཐུན། ཁྱེད་ཚོས་དྲན་གྱི་འདུག་གམ། དགེ་རྒན་མེད་པའི་གནས་སྐབས་སུ་ང་ཚོའི་སློབ་ཁང་གྲུ་བཞི་ནི་རང་ཉིད་ཁོ་ནར་དབང་བའི་རང་དབང་གི་འཇིག་རྟེན་ཞིག་སྟེ། ང་ཚོའི་ལུས་ངག་ཡིད་གསུམ་རང་གི་འདོད་བློ་བཞིན་ གཡོ་ཞིང་སྐྱོམ། དགེ་རྒན་མདུན་གྱི་ང་ཚོ་ནི་གཉོམ་ཆུང་བྱིས་པ་ཞིག་དང་འདྲ་ལ། དགེ་རྒན་མེད་ཚེ་ང་ཚོ་ནི་རི་དྭགས་ཀྱི་སྐྱེ་བ་བླངས་པ་ལྟར་དབང་པོ་སྒོ་ལྔ་བག་ཡངས་སུ་རྒྱུ། འདི་དག་ནི་ཅི་འདྲའི་རྗེས་དྲན་འོས་པའི་དོན་ཞིག་མ་ཡིན་ནམ། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博