西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བདེ་ཐང་ནི་རིན་ཆེན་གསེར་ལས་ལྷག ། ༄༅། །བཞུད་ལ་ཉེ་བའི་དམའ་འབྲིང་གི་འཚོ་བ། ༄༅། །ང་ལམ་དུ་གནས་ཡོད།  བོད་ཀྱིས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་སྤུས་ཚད་མཐོ་པོས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ།

放大 缩小 默认

༄༅། །བདེ་ཐང་ནི་རིན་ཆེན་གསེར་ལས་ལྷག །

□ 作者 ཟླ་བ་ནོར་བུ།

བདེ་ཐང་གི་གཟུགས་པོ་ནི་རླབས་ཆེན་གྱི་བྱ་གཞག་སྒྲུབ་པའི་མ་རྩ་ཡིན་པར་བརྟེན་ང་ཚོས་དུས་རྒྱུན་དུ་ནས་གཟུགས་པོར་བདག་གཅེས་དང་སྦྱོང་བརྡར་བྱེད་དགོས་པ་ལས། གཟུགས་པོ་ནི་མི་རྟག་པ་རེད་ཅེས་ཐ་མག་ཚོད་མེད་འཐེན་པ་དང་། ཆང་རག་ར་བཟི་བཟི་བར་འཐུང་བ། ལེ་ལོའི་དབང་གིས་གཟུགས་པོར་ལུས་སྦྱོང་མི་བྱེད་པ། རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་ལ་དོ་སྣང་མེད་པ་སོགས་ཀྱིས་རང་ཉིད་ལོ་ན་ཆུང་ཆུང་ཡིན་ཡང་རྒས་འཁོགས་ཀྱི་གཟུགས་ལྟར་འགྱུར་བར་ངེས།

མི་མང་པོས་རང་ཉིད་ཀྱི་གཟུགས་པོར་སྣང་ཆུང་ཤོར་ཏེ་ཉིན་མཚན་བསྟུད་མར་ལས་ཀ་དང་སློབ་སྦྱོང་བྱས་ཏེ་མཐའ་མར་རང་ཉིད་ཤེས་ཡོན་ཅན་དང་གོ་གནས་ཡོད་པ། འབྱོར་པ་ཅན་སོགས་ལ་འགྱུར་སྲིད་ཀྱང་རང་ཉིད་ཀྱི་གཟུགས་པོ་ནད་གཞིས་མནར་བའི་སྐབས་སུ་སྔོན་བྱས་བྱ་བ་བྱེད་སྟངས་རྣམས་ལྐུགས་པའི་ཚུལ་དུ་མཐོང་སྟེ་འགྱོད་པ་བྱེད་མཁན་མང་པོ་ཡོད། བྱས་ཙང་ལུས་སེམས་བདེ་ཐང་ལ་གཅེས་འཛིན་མི་བྱེད་མཁན་དག་ལ་གླེན་པ་ཟེར་རྒྱུ་མ་གཏོགས་གཞན་གང་ཡང་མེད། ང་ཚོའི་བོད་ཡིག་རྒན་ལགས་ཀྱིས་གསུངས་པ་ལྟར་ང་ཚོ་བོད་མི་ཕལ་ཆེ་བས་སྐྱིད་པོ་བྱས་པའི་ཆུ་ཚད་མཐོ་ཤོས་ནི་ར་བཟི་བཟི་བར་ཆང་རག་བཏུངས་པ་དེར་ངོས་འཛིན་བྱེད་ཀྱི་ཡོད། མི་མང་པོས་ཆང་རག་ཚོད་མེད་བཏུངས་པའི་རྐྱེན་གྱིས་འགྲིམ་འགྲུལ་གྱི་དོན་རྐྱེན་དང་། ཁྱིམ་ཚང་གི་གནས་ཚུལ། ལུས་ཀྱི་ན་ཚ་སོགས་མང་པོ་ཐོན་བཞིན་ཡོད། གཟུགས་པོ་ཕན་མེད་ཆགས་དུས་གཞི་ནས་བདེ་ཐང་གི་གལ་ཆེའི་རང་བཞིན་རྟོགས་པ་ལས་ཆུ་མ་ཤོར་གོང་ལ་ཆུ་རགས་རྒྱག་མཁན་ཤིན་ཏུ་ཉུང་། ལྷག་པར་དུ་གཞོན་ནུ་མང་པོས་ལང་ཚོའི་དུས་སྐབས་ཐུང་ཐུང་ཡིན་པས་སྐྱིད་པོ་བྱེད་དགོས་ཞེས་ཉིན་མཚན་གྱི་དབྱེ་བ་མེད་པར་ཁ་པར་ལྟ་བ་དང་། དྲ་ཁང་དུ་ཉིན་འགའ་ཤས་བསྟུད་མར་སྡོད་ཅིང་མ་འོངས་པའི་འཆར་གཞི་ཚང་མ་སྟོང་བསམ་གྱི་ནང་དུ་ལུས། ཡང་མི་ཁ་ཤས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཆེ་བས་ནད་བཅོས་ཐུབ་ཀྱི་རེད་ཟེར། ཁ་ཤས་ཀྱིས་དངུལ་ཡོད་ན་ནད་ཀྱི་སྡུག་བསྔལ་ལས་ཐར་ཐུབ་ཟེར། འོ་ན་མི་ཕྱུག་བདག་མང་པོ་ནད་ཁང་དུ་འཆི་བའི་རྒྱུ་རྐྱེན་གང་ཡིན།

མི་སུ་འདྲ་ཞིག་རླབས་ཆེ་བའི་བྱ་གཞག་ཅིག་སྒྲུབ་འདོད་ན་ཐོག་མར་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་གཙོ་བོར་བཟུང་སྟེ། དེ་རྗེས་དཀའ་སྡུག་མང་པོ་ལས་རྣམ་པར་རྒྱལ་བའི་ལས་ཀར་འཇུག་དགོས། དེར་བརྟེན་ང་ཚོས་དུས་རྒྱུན་ནས་ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ་དང་། གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། ཟས་སྤྱོད་ལུགས་དང་མཐུན་པ་སོགས་ཀྱི་འཚོ་བའི་གོམས་གཤིས་བཟང་པ་ཆགས་པོ་དགོས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明