http://zw.xzqnb.cn/Content/weixinlogo.png
ཡོད་ཚད་མིག་མདུན་གྱི་དངོས་པོ་དག་གིས་ཐག་གཅོད་ཆོག་པར་བསམས་ཤིང་འ
http://zw.xzqnb.cn/m/content/2023-05/05/000066.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་ཕུགས་བསམ།

༄༅། །དཔེ་ཀློག་གི་མྱོང་ཚོར་རགས་ཙམ་གླེང་བ།

༄༅། །འདོད་རྔམ་ཅན་གྱི་བུ་སྤུན་གཉིས།

སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་ཤིང་འཇོན་ཐང་ཆེ་རུ་གཏོང་བ་དང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

等待处理…

༄༅། །དཔེ་ཀློག་གི་མྱོང་ཚོར་རགས་ཙམ་གླེང་བ།

作者 བཀྲ་ཤིས་བཟང་མོ།
2023年05月05日

ཡོད་ཚད་མིག་མདུན་གྱི་དངོས་པོ་དག་གིས་ཐག་གཅོད་ཆོག་པར་བསམས་ཤིང་འཆར་གཞི་དང་དམིགས་ཡུལ་ཅི་ཡང་མེད་པར་རང་སྣང་གང་ཤར་དང་བསམ་པ་རྒྱ་ཡན་དུ་བཏང་ནས་ཅི་བཤད་བདེན་པར་འཛིན་ཞིང་དྲན་ཚད་ཚད་མར་བརྩིས་ཏེ་བླུན་པོ་ཆུ་སྣ་གང་ཁྲིད་ངང་གནས་བཞིན་པ་ནི་ང་ཡིན། དེས་ན་ང་རང་ལ་ཚུགས་ཐུབ་པའི་བསམ་བློའི་རྨང་གཞི་ཞིག་བསྐྲུན་ཆེད

«དམིགས་ཡུལ་གྱི་སྟོབས་ཤུགས»ཞེས་པའི་དཔེ་དེབ་དེ་མགོ་མཇུག་ཆ་ཚང་བར་ཞིབ་ཚགས་ངང་བཀླགས་པ་ཡིན།

དཔེ་དེབ་དེའི་ནང་དམིགས་ཡུལ་གྱི་ངོ་བོ་དང་དམིགས་ཡུལ་སྒྲུབ་བྱེད་ཀྱི་ལམ་ཁ། དམིགས་ཡུལ་གྱི་གལ་ཆེའི་རང་བཞིན་སོགས་རྒྱས་པར་བརྗོད་འདུག དམིགས་ཡུལ་གྱི་ཚོར་ཤེས་དང་དམིགས་ཡུལ་གྱི་དངོས་ཡོད་བྱེད་ཐབས་འདོན་སྤྲོད་བྱས་འདུག་ལ་དམིགས་ཡུལ་གྱིས་རང་གི་ཚོར་བ་དང་སྙིང་སྟོབས་སོགས་ཕུན་ཚོགས་ཀྱི་སྤྲོ་སེམས་དང་གསོན་ཤུགས་འཕེལ་བ་ར་སྤྲོད་བྱ་ཕྱིར་འཛམ་གླིང་དང་ཡོ་རོབ་ཀྱི་མཁས་དབང་མང་པོ་དཔེ་རུ་དྲངས་ཏེ་ཀློག་པ་པོའི་སེམས་ཡོངས་སུ་བཀུག་ཅིང་དེ་བས་གོ་བདེ་རུ་ཡང་མཛད་འདུག དཔེར་ན་མཁས་དབང་ནི་རྣམ་ཀུན་ཞོགས་པ་མལ་ནས་མ་བཞེངས་གོང་ཏིང་འཛིན་གནས་སུ་སྒོམ་སྟེ་རང་ཉིད་ལ་དྲི་གཞི་འགའ་འདི་ལྟར་སྟོན“དམིགས་ཡུལ། ང་ཡི་དམིགས་འབེན། ང་ས་གཞི་ཆེན་མོ་འདིར་འཚོ་དགོས་པའི་རྒྱུ་རྐྱེན། ང་རང་ཞོགས་པར་མལ་ནས་ལངས་དགོས་པའི་རྒྱུ་རྐྱེན” ཁོང་ཚོས་དྲི་གཞི་རེ་རེ་བཞིན་དྲིས་ལན་ལྷུག་པར་གྲོལ། དེས་ན་སེམས་ཁོང་དུ་རང་ཉིད་ཀྱི་དམིགས་ཡུལ་དེ་བས་ཁ་གསལ་དང་དམིགས་ཡུལ་དེའི་གལ་ཆེའི་རང་བཞིན་རྨང་གཞི་ཡག་མོར་བཏིང་ཐུབ། ཚེ་སྲོག་རེ་རེ་ལ་རང་བྱུང་གི་རྒྱུ་མཚན་ཞིག་ཡོད་ལ་དམིགས་ཡུལ་ནི་མི་ཞིག་སྐྱེས་དགོས་པའི་རྒྱུ་མཚན་དེ་ཡང་ཡིན། སྐྱེས་ནས་འཆི་བའི་བར་དུ་ང་ཚོ་ཚང་མས་རྒྱུ་རྐྱེན་དེ་རྙེད་པར་འབད་བརྩོན་བྱེད་ཀྱི་ཡོད་རུང་མི་མི་ཉུང་བ་ཞིག་གིས་རྒྱུ་མཚན་དེ་རྙེད་མ་མྱོང་། གལ་ཏེ་རྒྱུ་མཚན་དེ་མ་རྙེད་ཚེ་ཁྱེད་ཀྱི་འཇིག་རྟེན་དེ་ཆ་ཚང་ཞིག་མ་ཡིན་ལགས།

དེས་ན་རང་ཉིད་ཀྱི་རང་གཤིས་ངོས་ཟིན་ཞིང་དེ་གཞིར་བཟུང་ནས་འཚོ་བར་རོལ་དགོས་པ་ཤེས་དགོས། ང་ཚོ་རང་ཉིད་ཀྱི་ཤེས་རྟོགས་དང་ཕྱི་ངོས་ཀྱི་རིམ་པ་དེ་ནི་ང་ཚོའི་རྣམ་པ་ཡིན་ལ་མི་གཞན་གྱི་མདུན་དུ་མངོན་པའི་དངོས་ཡོད་ཀྱི་བྱ་སྤྱོད་དེ་ཡང་ཡིན། རིམ་པ་དེ་ང་ཚོའི་ཆེས་ཟབ་པའི་སེམས་པ་དེ་དང་མཐུན་སྦྱོར་བྱ་དགོས། དེ་འདྲའི་དམིགས་ཡུལ་བསྒྲུབ་པར་འདོད་ན་ངེད་ཚོས་ངེས་པར་དུ་རེ་བ་གསུམ་བསྒྲུབ་དགོས་ཏེ། གཅིག རང་ཉིད་ཀྱི་དམིགས་ཡུལ་དེ་བསྒྲུབ་པར་འདོད་པའི་འདོད་པ་ཡང་དག་ཅིག་དགོས། གཉིས། དམིགས་ཡུལ་དེ་བསྒྲུབ་ཆེད་འབད་པ་ལྷོད་མེད་ཅིག་དགོས། གསུམ། དམིགས་ཡུལ་སྒྲུབ་པར་བྱེད་པའི་ཀུན་སློང་གཙང་མ་སོགས་ནམ་ཡིན་རུང་རྒྱུན་འཁྱོངས་ཐུབ་པའི་ནུས་པ་ལྡན་དགོས། དེ་བས་དམིགས་ཡུལ་ཡོད་པའི་མི་ནི་དཔའ་གསོན་ཤུགས་ཡིད་ཆེས་ཀྱིས་ཁེངས་ལ་པད་མ་ཆར་ཆེན་ལས་རྣམ་པར་རྒྱས་ཏེ་མེ་ཏོག་ཀུན་གྱི་ཀློང་དུ་དག་གཙང་ཞུམ་མེད་ངང་དུ་འགྱིང་ཉམས་བསྟན་ཏེ་རྣམ་པར་བཞད་པ་དང་ཀུན་ནས་མཚུངས། དམིགས་ཡུལ་གྱིས་མི་ཞིག་གི་བག་ལ་ཉལ་བའི་ནུས་ཤུགས་འདོན་འཕེལ་བྱེད་ཐུབ་པས་སྐྱེ་བོ་ཕལ་པ་ང་འདྲ་བ་ཡང་འོད་མདངས་འཚེར་བ་ཞིག་ཏུ་འགྱུར་ཐུབ་ལགས། གོང་དུ་བརྗོད་པ་མཐའ་དག་ནི་སྐྱེ་བོ་སྒེར་གྱི་ངོས་ནས་གླེང་བ་ཤ་སྟག་ཡིན། དེས་ན་ཚོགས་པའམ་ཡང་ན་ཁྱིམ་གཞིས་གཅིག་ནས་བརྗོད་ན། ཁོང་ཚོར་ཐུན་མོང་གི་དམིགས་ཡུལ་ཡོད་ཙ་ན་ཁོང་ཚོ་ཚང་མར་ཡང་ཐུན་མོང་གི་ལྟ་བ་དང་འདོད་ཚུལ་འབྱུང་ཞིང་མཐུན་སྒྲིལ་དམ་ཟབ་དང་བསམ་བློའི་སྙིང་སྟོབས་ཇེ་ཆེར་སྐྱེས་ནས་ཁྱིམ་གཞིས་སམ་ཚོགས་པ་དེ་སྔར་བས་མ་ཉམས་གོང་འཕེལ་དང་དྲོ་སྐྱིད་སྤྲོ་སྣང་གིས་ཁེངས་ཐུབ་ལགས།

རེད་ལགས། དམིགས་ཡུལ་ནི་ངེད་ཚོའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་རེད་ཡིན་པས་དུས་རྒྱུན་དུ་ནས་རང་གི་འཚོ་བར་བག་ཡངས་དང་། སྤྲོ་སྣང་། བདེ་སྐྱིད། མཛེས་པ། རིན་ཐང་སོགས་ལྡན་པར་བྱེད་ཆེད་རང་གི་འབད་བརྩོན་དང་ཤེས་པས་བརྩོན་ལེན་བྱེད་དགོས། དཔེ་དེབ་འདི་ལས་དམིགས་ཡུལ་དྲངས། དམིགས་ཡུལ་དེ་ལས་ང་ཡི་མི་ཚེའི་གནས་མལ་དྲོན་མོ་དྲངས། ད་ལྟ་ནས་དམིགས་འབེན་ལ་ཁ་ཕྱོགས་ཏེ་གཟབ་ནན་གྱི་འཚོ་བ་ངོ་མ་ཞིག་འདེམས་རྒྱུ་ཡིན་པས་ང་ཚོ་མཉམ་དུ་དཔེ་ཀློག་ལ་རོལ་ནས་གཡུར་ཟའི་འབྲས་བཟང་འཐུ་བའི་མི་ཚེའི་ལམ་ཁར་བཞུགས་རྒྱུ་ཡིན། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༠) བཀྲ་ཤིས་བཟང་མོ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博