http://zw.xzqnb.cn/Content/weixinlogo.png
དུས་རྒྱུན་དུ་ཕུགས་བསམ་གླེང་བའི་ཚེ། ཚང་མས་རང་རང་གི་ཕུགས་བསམ་གང
http://zw.xzqnb.cn/m/content/2023-05/05/000065.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་ཕུགས་བསམ།

༄༅། །དཔེ་ཀློག་གི་མྱོང་ཚོར་རགས་ཙམ་གླེང་བ།

༄༅། །འདོད་རྔམ་ཅན་གྱི་བུ་སྤུན་གཉིས།

སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་ཤིང་འཇོན་ཐང་ཆེ་རུ་གཏོང་བ་དང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

等待处理…

༄༅། །བདག་གི་ཕུགས་བསམ།

作者 འཆི་མེད་གཡང་འཛོམས།
2023年05月05日

དུས་རྒྱུན་དུ་ཕུགས་བསམ་གླེང་བའི་ཚེ། ཚང་མས་རང་རང་གི་ཕུགས་བསམ་གང་ཞིག་ཡིན་མིན་ཐད་ཀར་ལྷུག་བརྗོད་བྱེད་ཀྱི་ཡོད། ངའི་ཕུགས་བསམ་ནི་མ་འོངས་པར་མིང་དོན་མཚུངས་པའི་དགེ་བའི་བཤེས་གཉེན་ཞིག་བྱེད་རྒྱུ་དེ་ཡིན།

ཕུགས་བསམ་ནི་ཅི་འདྲའི་ཚད་མཐོ་ཞིང་ཡིད་སེམས་མགུ་བ་དང་། ཅི་འདྲའི་སྒུལ་ཤུགས་དང་ལྡན་པ་ཞིག་རེད་ཨང་། ང་རང་སློབ་ཆུང་འགྲིམ་སྐབས་ངས་རང་ཉིད་ཀྱི་ཕུགས་བསམ་གང་ཞིག་ཡིན་མིན་གསལ་པོར་ཤེས་ཀྱི་མེད། འོན་ཀྱང་སློབ་འབྲིང་ལོ་རིམ་གསུམ་པར་སླེབས་དུས་ངས་རང་ཉིད་ཀྱི་ཕུགས་བསམ་ལ་བསམ་གཞིགས་མི་བྱེད་ཀ་མེད་བྱུང་། ཐེངས་ཤིག་དགེ་རྒན་གྱིས་བོད་ཡིག་གི་རྩོམ་ཡིག་གི་ཁ་བྱང་ལ“རང་ཉིད་ཀྱི་ཕུགས་བསམ་ལ་རྒྱང་ལྟ་བྱེད་པ”ཞེས་པའི་རྩོམ་ཡིག་ཅིག་འབྲི་བའི་སྐུལ་མ་གནང་སོང་བས། ཐོག་མར་ངས་རྩོམ་ཡིག་ འདིའི་འགོ་ཇི་ལྟར་རྩོམ་པ་དང་ཅི་ཞིག་འབྲི་དགོས་མིན་མ་ཤེས་པར་སོམ་ཉིར་ཚུད། ང་རང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བའི་སྐབས་དེར་གློ་བུར་དུ་ངའི་བློ་ཡུལ་ལ་ང་ཚོའི་འཛིན་བདག་གི་གཟུགས་བརྙན་མངོན་བྱུང་། ཁོང་ནི་དགེ་རྒན་དར་མ་ཞིག་ཡིན་ཞིང་། སྐུ་གཟུགས་ཅུང་ཆུང་ལ་སྐུ་ཤ་འབྱོར་ཙམ་ཡོད། ཞལ་རས་དཀར་ལ་ མིག་འབྲས་གཉིས་ལས་ཤིན་ཏུ་གྲུང་ཤ་དོད་པའི་འོད་མདངས་འཕྲོ། ཁོང་ནི་ང་རང་སློབ་འབྲིང་དུ་མཇལ་བའི་ང་ཚོའི་འཛིན་གྲྭའི་བོད་སྐད་ཡིག་དགེ་རྒན་ལྔ་པ་དེ་ཡིན། དགེ་རྒན་ཁོང་ནི་འགན་འཁྲིའི་འདུ་ཤེས་ཆེ་ཞིང་རྒྱུན་དུ་སློབ་མ་ཚོར་ལྟ་རྟོགས་ཚད་མེད་བྱེད་ཀྱི་ཡོད། གལ་ཏེ་ཁོང་ལྟ་བུའི་དགེ་རྒན་ཞིག་མཇལ་མེད་ན་ངའི་ཕུགས་བསམ་ནི་མུན་ནག་གི་ཁྲོད་དུ་གནས་ཏེ་གང་དུ་ཡོད་མེད་རྟོགས་མི་སྲིད། ང་རང་ཁོང་དང་འདྲ་བའི་དགེ་རྒན་ཞིག་བྱེད་འདོད། ཨ་མས་རྒྱུན་དུ“ཕུགས་བསམ་ནི་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་མི་ལ་དབང” ཞེས་བཀའ་སློབ་གནང་གི་ཡོད་པས། ངས་ཀྱང་ཕུགས་བསམ་འདིའི་ཆེད་དུ་དཀའ་བ་སྤྱོད་ངེས་ཡིན།

བདག་གི་སེམས་སུ་དགེ་རྒན་གྱི་བྱ་བ་ནི་ཤིན་ཏུ་རླབས་ཆེ་བ་ཞིག་ཏུ་མཐོང་བས། ང་རང་ནར་སོན་རྗེས་ངེས་པར་དགེ་རྒན་ཞིག་བྱེད་ཐུབ་པ་བྱེད་རྒྱུ་ཡིན་པའི་ཕུགས་བསམ་འདི་གཏན་ནས་འགྱུར་ལྡོག་གཏོང་མི་སྲིད། བྱས་ཙང་ངས་ཐོག་མར་མཐོ་རིམ་སློབ་འབྲིང་ལེགས་པ་ཞིག་ཏུ་རྒྱུགས་འཕྲོད་པར་བྱེད་པ་དང་། དེ་ནས་དགེ་རྒན་གྱི་ཆེད་ལས་སྦྱོང་སའི་སློབ་གྲྭ་ཆེན་མོ་ཞིག་ཏུ་རྒྱུགས་འཕྲོད་པ་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་རྒྱུ་ཡིན་ནོ། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)འཆི་མེད་གཡང་འཛོམས།

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博