http://zw.xzqnb.cn/Content/weixinlogo.png
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་
http://zw.xzqnb.cn/m/content/2023-05/05/000064.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཐོག་མའི་བསམ་འདུན་གཅིག བོད་སྐྱོར་ཐེངས་མ་གཉིས། བརྟན་སྲུང་ལོ་ངོ་དྲུག

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཏན་འབེབས།

等待处理…

སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཏན་འབེབས།

2023年05月05日

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། གཞོན་ནུའི་དཔེ་མཚོན་དཔེ་བཟང་གི་ཁྲིད་སྟོན་ནུས་པ་གང་ལེགས་འདོན་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུས་རང་འགུལ་ངང“ཏང་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེན་འཛུགས་པར་ང་ཡིས་འབད”ཅེས་པའི་ལང་ཚོའི་དམ་བཅའ་ལག་ལེན་བསྟར་བར་སྐུལ་ལྕག་དང་ཁྲིད་སྟོན་བྱ་ཆེད། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་འབད་འབུངས་སྟོབས་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེ་རིང་མི་འགྱུར་སོགས་མི་15ལ་སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུ་དང་ཆབ་མདོ་ཁ་རུབ་ཆུས་སྤྱི་བདེ་ཅུས་སྟག་རྩ་ཐང་མངགས་གཏོང་ཁང་སོགས་གཞོན་ནུའི་མཉམ་སྡེབ་10ལ་སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

གཟེངས་བསྟོད་ཐོབ་མཁན་གཞོན་ནུ་དང་གཞོན་ནུ་མཉམ་སྡེབ་ནི་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་ལས་རིགས་ཁག་གི་གཞོན་ནུའི་མཉམ་སྡེབ་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཡིན་ཞིང་། ཁོང་ཚོས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་སློབ་སྦྱོང་ལ་འབད་བརྩོན་དང་། ཡར་བརྩོན་ཧུར་ཐག ལེགས་སྐྱེས་ཏན་ཏིག་ཕུལ་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་སྟོབས་མཐའ་བརྟན་སོགས་ཀྱི་ཁྱབ་ཁོངས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་དང་། ཁོང་ཚོའི་འབད་འཐབ་ཀྱི་ལོ་རྒྱུས་དང་སྔོན་ཐོན་བྱས་རྗེས་ལས་ཏང་དང་མི་དམངས་ཀྱིས་གཞོན་ནུར་བཅོལ་བའི་རེ་བ་དང་བླང་བྱ་གང་ལེགས་མཚོན་པ་དང་། དེང་རབས་གཞོན་ནུའི་ཡང་དག་པའི་མི་ཚེའི་ཁ་ཕྱོགས་དང་འཚར་ལོངས་ཀྱི་ལམ་བུ་གསལ་པོར་མངོན་པ། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་མངོན་ཡོད་ལ། ཁོང་ཚོས་མེས་རྒྱལ་དང་ལས་དབང་གཅིག་མཐུན་དང་། བོད་དང་མཉམ་དུ་འཕེལ་རྒྱས། མི་དམངས་དང་མཉམ་དུ་འབད་འཐབ་བཅས་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོའི་འགན་འཁྲི་འཁུར་ཕོད་ལུགས་མངོན་པར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོར་ཚད་ཤིང་བཙུགས་པ་དང་མིག་དཔེ་བཟང་པོ་ཞིག་བསྟན་ཡོད།

གཟེངས་བསྟོད་ཐོབ་མཁན་ཕུལ་བྱུང་གཞོན་ནུ་དང་གཞོན་ནུ་མཉམ་སྡེབ་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། ཡང་འབད་བསྐྱར་འབད་བཅས་བྱས་ནས་མིག་དཔེ་ཡག་པོ་སྟོན་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མི་རིགས་ཁག་གི་གཞོན་ནུར་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ལྟར“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། ཕུགས་འདུན་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་པའི་བརྩོན་ལེན་བཅས་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་ཉམས་འགྱུར་ཐོག་ནས་རྒྱང་ལམ་གསར་པར་ངར་སེམས་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ནས།

2023ལོའི་ཟླ་5ཚེས་4ཉིན།

སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་གྱི་མིང་ཐོ།

(ཁྱོན་མི་15)

ཚེ་རིང་མི་འགྱུར། ནག་ཆུ་གྲོང་ཁྱེར་ཐ་གྲོང་ལས་འབྲེལ་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོབ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།

ཚུའེ་ཡུས་ཧྥང་། ཀྲུང་གོ་ལྕགས་ལམ་ཕུག་ལམ་ཅུས་ཁྲོན་བོད་ལྕགས་ལམ་9Aདུམ་བུའི་རྣམ་གྲངས་ཀྱི་ཏང་དང་མང་ཚོགས་ཀྱི་ཀན་ཧྲི།

བདེ་སྐྱིད་སྒྲོལ་དཀར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི།

ཏེང་པེང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེ་95561གི་ཐད་གཏོགས་ལས་དོན་ཁྲུའི་དྲག་ཇུས་པ།

ཏུང་ཅིས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་འབྲིང་གཉིས་པའི་དགེ་རྒན།

དགའ་ཡག་སྒྲོལ་མ། ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ།

ལིན་ལུའུ་ཡའོ། བོད་ལྗོངས་རྒྱལ་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་སྲུང་དོ་དམ་ཉིང་ལག་རུ་ཁག་ལྷ་ཁང་མཐའ་མཚམས་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་པ།

ལིའུ་ཀྲང་ཀྲི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ།

ལིའུ་ཧེང་མིན། ཉིང་ཁྲི་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན།

ཕུན་ཚོགས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཏང་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ།

ཕུར་བུ་རྡོ་རྗེ། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ།

བསོད་ནམས་དར་རྒྱས། ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལས་ཚབ་རུ་དཔོན་རྒན་པ།

ཡུས་ལིས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཆེས་མཐོ་གནོན་ཡན་ལག་ཀུང་སི་±400KVལྷ་ས་བརྗེ་སྒྱུར་ས་ཚིགས་ཀྱི་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་དང་པན་ཀྲང་།

ཀྲང་ཆིང་ཁྲུང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

ཀྲོའུ་ཧྥང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ།

སྐབས་བཅུ་དགུ་པའི་བོད་ལྗོངས་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་མཉམ་སྡེབ་ཀྱི་མིང་ཐོ།

(ཁྱོན་10)

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་སྟག་རྩ་ཐང་མངགས་གཏོང་ཁང་།

མངའ་རིས་ས་ཁུལ་དགེ་རྒྱས་རྫོང་སློབ་འབྲིང་།

བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་མཐུན་སྦྱོར་ཁྲུའུ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷུན་གྲུབ་རྫོང་ཁྲལ་དོན་ཅུས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེ་93525ཡི་གསང་འཕྲིན་རུ་ཆེན།

བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་སློབ་གསོ་པུའུ།

ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི་མེ་འཁོར་ཉེན་རྟོག་ཉིང་ལག་རུ་ཁག་སྐལ་བཟང་མེ་ཏོག་མེ་འཁོར་ཞབས་ཞུ་མའི་ཉེན་རྟོག་ཚོགས་ཆུང་།

གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཁ་རག་ཕུའུ་ཏུང་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས།

ལྷ་ས་ལྷོ་རི་བྱང་རིའི་2022ལོ་འཁོར་གྱི་སྔོ་འགྱུར་ལས་གྲྭའི་ཇུས་འགོད་དཔུང་ཁག

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉའ་ལམ་འགག་སྒོ་ལས་ཁུངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博