西藏青年报藏文版ཕྱོགས་བསྡུས། ཐོག་མའི་བསམ་འདུན་གཅིག བོད་སྐྱོར་ཐེངས་མ་གཉིས། བརྟན་སྲུང་ལོ་ངོ་དྲུག ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཏན་འབེབས།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

1988ལོ།(1)

★ ཟླ་8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པའི“དཔལ་འབར་འཆར་གཞི”ལག་བསྟར་བྱེད་རྒྱུའི་ཆོག་མཆན་སྤྲད་པ་རེད།

★ ཟླ་2ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་དུས་དབྱེ་ཁག་བགོས་ཀྱིས་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་པ་རེད། 1994ལོའི་ཟླ་7ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ་རེད། 1998ལོའི་ཟླ་7ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལམ་ལུགས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་སྡོད་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་རེད།

★ ཟླ་3ཚེས་14ཉིན། མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གིས་ནན་ཧྲ་གླིང་ཚོམ་དུ་རང་སྲུང་རྒོལ་ལན་དམག་འཐབ་བརྒྱབ་པ་རེད།

★ ཟླ་3ཚེས་24ཉིན་ནས་ཟླ་4ཚེས་10ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ལི་ཤན་ཉན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་པ་རེད།

★ ཟླ་3ཚེས་25ཉིན་ནས་ཟླ་4ཚེས་13ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧའེ་ནན་ཞིང་ཆེན་དང་ཧའེ་ནན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་དབྱང་ཧྲང་ཁུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། དབན་ལི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏེང་ཞའོ་ཕིང་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ་རེད། ལི་ཕེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ་རེད།

★ ཟླ་6ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་སྤྱོད་གཙང་རྒྱུན་འཁྱོངས་བྱེད་དགོས་པའི་བརྡ་ཐོ》བཏང་བ་རེད།

★ ཟླ་7ཚེས་1ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་གྱི་དམག་མིའི་གོ་རྟགས་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明