http://zw.xzqnb.cn/Content/weixinlogo.png
དཔེ་ཀློག་ནི་འཚོ་བའི་ལམ་ཁའི་ཁ་ཕྱོགས་སྟོན་མཁན་དེ་ཡིན་ལ་རང་ཉིད་
http://zw.xzqnb.cn/m/content/2026-10/23/002027.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ངའི་ཕ་ཡུལ་གྱི་གཟི་བརྗིད།

༄༅། །ལྷ་གདོང་ཤན་ཁའི་རླུང་དར་བལྟས་པའི་མྱོང་ཚོར།

等待处理…

༄༅། །ལྷ་གདོང་ཤན་ཁའི་རླུང་དར་བལྟས་པའི་མྱོང་ཚོར།

作者 སྐལ་བཟང་ཆོས་ལྡན།
2026年10月23日

དཔེ་ཀློག་ནི་འཚོ་བའི་ལམ་ཁའི་ཁ་ཕྱོགས་སྟོན་མཁན་དེ་ཡིན་ལ་རང་ཉིད་ཀྱི་བློ་རྒྱ་ཇེ་ཆེར་འགྲོ་བའི་ཐབས་ལམ་དང་མ་རིག་པའི་མུན་པ་ལས་ཐར་བའི་སྒྲོན་མེ་དེ་ཡིན། དེ་རིང«ལྷ་གདོང་ཤན་ཁའི་རླུང་དར»བལྟས་པའི་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་མདོར་ཙམ་བརྗོད་ཀྱི་ཡིན། ཀློག་པ་པོ་སྟོང་ལ་གེ་སར་རྒྱལ་པོ་སྟོང་ཞེས་པ་ལྟར་ཀློག་པ་པོ་རེ་ལ་མྱོང་ཚོར་རེ་ཡོད་སྟབས་ལྟ་ཚུལ་མི་འདྲ་བའི་ཕྱོགས་ལ་ཕན་ཚུན་བསམ་ཚུལ་བརྗེ་རོགས་ཞེས་སེམས་གཏིང་ནས་ཞུ།

དེ་ཡང“ལས་ཀྱི་གྲུ་ཁ”ཞེས་པའི་ལེའུ་འདིའི་ནང་སྙན་གྲགས་བོད་ལྗོངས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་ལོན་པའི་སྐབས། ཨ་མ་དགའ་ཚོར་ཚད་མེད་བྱུང་བ་ལས་ཕ་མས་རང་ཉིད་ཀྱི་བུ་ཕྲུག་ལ་གཡུར་དུ་ཟ་བའི་འབྲས་བུ་ཐོབ་སྐབས་ཀྱི་དགའ་ཚོར་ནི་ཁ་དང་མིད་པ་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་དགའ་ཚོར་སྐྱེ་བ་བརྗོད་ཡོད། ཕ་མས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་རི་བོ་ལས་ཀྱང་མཐོ་ལ་རྒྱ་མཚོ་ལས་ཀྱང་ཟབ་པ་མཚོན། སློབ་ཆེན་ལ་ས་ཕྱོགས་མི་འདྲ་བ་ཁག་གི་བོད་ཀྱི་གཞོན་ནུ་རྣམས་ཐུག་འཕྲད་བྱུང་བའི་རྣམ་པ་བརྗོད་ནས། གཞོན་ནུའི་དྭངས་གཙང་ལྷད་མེད་ཀྱི་སེམས་པ་དང་། ཞོ་འོ་འདྲ་བའི་དཀར་གཙང་གི་གཤིས་ཀ་གསལ་བར་བྱས་ཡོད། “དཀའ་དུས་གྲོགས་པོའི་བཟང་ངན་ཤེས། །འདམ་ནང་རྟ་ཕོ་ཤེད་ཤུགས་ཤེས། །”ཞེས་པའི་གཏམ་དཔེ་དྲངས་ནས་གྲོགས་པོ་ཟེར་བ་དེ་ནི་རང་ཉིད་ལ་དཀའ་ངལ་ཡོད་དུས་ཤེས་པ་ལས། བཟའ་བཏུང་ཞིམ་མངར་མཉམ་ཟ་མཉམ་འཐུང་བྱེད་སྐབས་ཀྱི་གྲོགས་པོ་ནི་གྲོགས་ངན་གྲོགས་བཟང་ཡིན་པ་དབྱེ་དཀའ་བའི་གནས་ལུགས་བསྟན། “ལམ་ནོར་ཐེབས་པ”ཞེས་པ་འདིར་སྙན་གྲགས་ཀྱིས་རང་ཉིད་ཀྱི་མཛའ་མོ་བདེ་ཆེན་སྐྱིད་ལ་བཅངས་པའི་བརྩེ་སེམས་གཙོ་བོར་བརྗོད་ནས། སློབ་སྦྱོང་གི་དུས་ཚོད་ཡག་ཤོས་སུ་ཕོ་མོའི་མཛའ་བརྩེ་སེམས་མགོ་འཁོར་ནས་སློབ་སྦྱོང་བྱེད་པའི་དུས་ཚོད་འཕྲོ་བརླག་ཕྱིན་པ་དང་མི་ཚེའི་མདུན་ལམ་ལ་གནོད་སྐྱོན་ཆེན་པོ་བྱུང་བ་བརྗོད་འདུག སྙན་གྲགས་ཀྱིས་བདེ་ཆེན་སྐྱིད་ལ་འཕྲུལ་འཁོར་གྱིས་རྨས་སྐྱོན་བཟོས་པའི་དོན་དེ་ཤེས་དུས་ཐེ་ཚོམ་སྤུ་ཙམ་མེད་པར་བརྩེ་དུང་ཆེད་དུ། སློབ་གྲྭར་དགོངས་ཞུ་ཙམ་ཡང་མེད་པར་བདེ་ཆེན་སྐྱིད་ལ་བལྟ་བར་ཕྱིན་པས་མཐར་སློབ་གྲྭ་ནས་ཕུད་ནས་ནང་ལ་ལོག་དགོས་བྱུང་། དོན་དེ་ལས་ང་ལ་བསམ་བློ་འདི་ལྟར་འཁོར་བྱུང་། མི་ཚེའི་ལམ་ཁ་ལ་ཕོ་མོ་གཉིས་མཛའ་བརྩེའི་ཐུག་འཕྲད་བྱུང་བ་ནི་དོན་དག་གལ་ཆེན་ཡིན་ཟེར་ན་མ་ཆོག་པ་མེད། དེ་ནི་རང་ཉིད་ཀྱི་མི་ཚེ་ལ་འབྲེལ་བ་ཆེ་བ་དང་བཟའ་ཚང་གི་གནད་དོན་ལ་ཐུག་པས་ཡིན། ཡང་དོན་ཕལ་པ་ཞིག་རེད་ཟེར་ན་ཡང་འགྲིག རྒྱུ་མཚན་ནི་གང་ལྟར་རང་ཉིད་ལ་ཁ་ལ་དཔག་པའི་སོ་ཞིག་རག་ངེས་ཡིན་པས། སློབ་སྦྱོང་བྱེད་སྐབས་ཕོ་མོའི་བརྩེ་དུང་དེས་ཤུགས་རྐྱེན་ངན་པ་བཟོས་ཏེ་རང་ཉིད་ཀྱི་མི་ཚེའི་ལམ་ཁ་ལ་འགོག་རྐྱེན་ཆེན་པོ་བཟོ་བས་དེ་ལ་དོན་སྙིང་མེད་པ་རེད་ཟེར་ནའང་འགྲིག “ཞིང་ས་གཤིན་པོ”ན་སྙན་གྲགས་སླར་ཡང་མཐོ་རྒྱུགས་ལ་ཞུགས་སྐབས་ཐོག་མར་ཡིག་རྒྱུགས་མ་ལོན་པ་དང་། ལོ་གཅིག་རྗེས་སུ་ཡང་བསྐྱར་མཐོ་རྒྱུགས་ལ་ཞུགས་ནས་སློབ་གྲྭ་ཆེན་མོར་ཚུད་པ་བརྒྱུད་ནས་ང་ཚོར་དོན་གང་འདྲ་ཞིག་ཡིན་རུང་དེ་ལ་དཀའ་ངལ་ཡོད་པ་ནི་གཏན་འཁེལ་རེད། ང་ཚོས་དཀའ་ངལ་རྣམས་རིམ་པ་བཞིན་སེལ་ན་མི་ཚེར་རྒྱལ་ཁ་ཐོབ་པ་དང་རང་ཉིད་ཀྱི་མི་ཚེའི་མདུན་ཕྱོགས་ལ་འོད་སྣང་ལྡན་པ་བསྟན། “བདེན་དོན་འཕྲོག་པ”ཞེས་པའི་ནང་ཕོ་མོའི་བརྩེ་དུང་ནི་རླུང་ཁའི་མར་མེ་དང་འདྲ་བར་བརྗོད་ནས་རང་ཉིད་ཀྱིས་མི་ཞིག་ལ་རྒྱུས་ལོན་བྱ་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ལུགས་བསྟན། “རྨི་ལམ་མོག་པོ” འདིའི་ནང་ལ་ཡ་མཚན་གྱི་ལས་དབང་ཟེར་བ་དེ་བརྗོད་ནས་ལས་དབང་གི་འགྲོ་ཕྱོགས་ནི་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ་པ་བརྗོད་ཡོད།

མི་ཚེའི་བརྒྱུད་རིམ་ནང་དཀའ་ངལ་ཧ་ཅང་མང་པོ་འཕྲད་པ་ནི་གཏན་འཁེལ་རེད། དཀའ་ངལ་དེ་དག་ནི་རང་ཉིད་འཚར་ལོངས་བྱུང་བའི་དཔང་རྟགས་ཤིག་ཡིན། དཀའ་ངལ་རྣམས་རེ་རེ་བཞིན་ཁྱད་བསད་བྱེད་པ་ནི་རང་ཉིད་ཀྱི་མི་ཚེ་ལ་དོན་སྙིང་ལྡན་པའི་མཛེས་རྒྱན་སྤྲད་པ་ཡིན་པས། རྒྱལ་ཁ་ཟེར་བ་མི་གཞན་ལས་རྒྱལ་བ་མ་ཡིན་པར་དེ་ནི་རང་ཉིད་ལས་རང་ཉིད་རྒྱལ་བ་བྱེད་དགོས་པའི་གནས་ལུགས་བསྟན་ཡོད། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༨)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博