http://zw.xzqnb.cn/Content/weixinlogo.png
ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ནག་ཆུ་གྲོང་ཁྱེར་སྤྱི
http://zw.xzqnb.cn/m/content/2026-10/09/001999.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གཞི་རིམ་ལེགས་བཅོས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར། ཁ་ཕྲལ་ལ་ངོ་རྒོལ་དང་རྒྱལ་ཁབ་ལ་སྲུང་སྐྱོབ”ཞེས་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ནག་ཆུ་གྲོང་ཁྱེར་གྱིས་ཉེན་རྟོག་པ་དང་སྡེ་ཚོགས་མཉམ་སྐྲུན་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་ཐོག་མ་དང་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་འགོ་ཚུགས་པ།

等待处理…

ནག་ཆུ་གྲོང་ཁྱེར་གྱིས་ཉེན་རྟོག་པ་དང་སྡེ་ཚོགས་མཉམ་སྐྲུན་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་ཐོག་མ་དང་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་འགོ་ཚུགས་པ།

2026年10月09日

ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་འབྲེལ་གྱིས་གྲོང་ཁྱེར་ཡོངས་ཀྱི་ཉེན་རྟོག་དང་སྡེ་ཚོགས་མཉམ་སྐྲུན་ཐོག་གྲོས་མཐུན་ཆིངས་ཡིག་འཇོག་པའི་མཛད་སྒོ་ཐོག་མ་སྤེལ་བ་མ་ཟད།“ཉེན་རྟོག་པ་དང་སྡེ་ཚོགས་མཉམ་འབྲེལ་གྱིས་འཚར་ལོངས་སྲུང་སྐྱོབ-ཉེན་རྟོགས་པ་དང་སྡེ་ཚོགས་མཉམ་སྐྲུན་གྱི་འགོ་གསར་འཛུགས་”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལག་ལེན་བྱེད་སྒོ་ཡང་འཚོགས་པ་རེད། ནག་ཆུ་གྲོང་ཁྱེར་སྤྱི་བདེ་མི་དམངས་(ཞོགས་འདེགས་)ཉེན་རྟོག་པ་དང་། མེ་གསོད་པ། ལམ་སྲུང་བའི་གཞོན་ནུའི་འཐུས་མི། གྲོང་ཁྱེར(དཀྱིལ་)ཐད་གཏོགས་ལས་ཁུངས་ཁེ་ལས་བྱ་གཞག་ཚན་པའི་གཞོན་ནུའི་འཐུས་མི། སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་དེ་བཞིན་རྫོང(ཆུས)ཁག་གི་གུང་གཞོན་སྡེ་ཚོགས་ཀྱི་འགན་འཁུར་བློ་མཐུན་སོགས་མི་གྲངས་120ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཕྱོགས་གཉིས་ཀྱིས་མཉམ་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་དེ། མཉམ་འབྲེལ་གསོ་སྐྱོང་སྟེགས་བུ་དངོས་སུ་བཙུགས་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་འཛུགས་སྐྲུན་ཐོན་ཁུངས་དང་གུང་གཞོན་སྡེ་ཚོགས་ཀྱི་གཏིང་ཟབ་པའི་བསམ་བློའི་སྣེ་ཁྲིད་ནུས་པ་དང་ཟུང་འབྲེལ་བྱས་ཏེ། གཞོན་ནུ་ལོ་ཆུང་ཚོར་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཏིང་ཟབ་པོ་ཞིག་འཁྲིད་ནས། བསམ་བློའི་ཁྲིད་སྟོན་དང་ཁྲིམས་ལུགས་བདེ་འཇགས་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ཡོད།

ཡུལ་དངོས་སུ་དམིགས་བསལ་ཉེན་རྟོག་པའི་འཐབ་རྩལ་སྦྱོང་བརྡར་དང་། དམག་ཁྱི་ཡི་རྩལ་རྣམ་འགྲེམས་སྟོན། ཉེན་སྤྱོད་སྒྲིག་ཆས་འགྲེམས་སྟོན་ལ་ཉམས་ཞིབ་ཀྱི་དུས་རིམ་བཀོད་སྒྲིག་བྱས་ཏེ། གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཉེན་རྟོག་པ་ཚོའི་ཁོར་ཡུག་ལ་ཐག་ཉེ་ས་ནས་མྱོང་ཚོར་བྱས་པ་མ་ཟད། ཁོང་ཚོས་སྤྱི་བདེ་ལས་ཁུངས་ཚད་གཞིར་བཟུང་སྟེ། བཀའ་རྒྱ་དང་ལེན་བྱེད་པ་དང་དཀའ་སྤྱད་སྡུག་རུས་བྱེད་ཕོད་པ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱས་ཤིང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་བསམ་པ་བརྟན་པོ་བཙུགས་ཡོད།

ཐེངས་འདིའི་གན་རྒྱ་འཇོག་པ་ནི་རྒྱུན་ལྡན་རང་བཞིན་མཉམ་ལས་ཀྱི་མི་སྣ་གསོ་སྐྱོང་གི་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན་པས། རྗེས་སུ་ང་ཚོས་ཉེན་རྟོག་སྒར་སྒོ་འབྱེད་པ་དང་། ཁྲིམས་ལུགས་ལག་ལེན། ཁྲིམས་ལུགས་དྲིལ་བསྒྲགས། དང་བླངས་ཞབས་ཞུ་སོགས་ཀྱི་རྟེན་གཞིར་བརྟེན་ནས་གཞོན་ནུ་ལོ་ཆུང་རྣམས་དུས་ཡུན་རིང་པོའི་ལག་ལེན་ནང་ལུས་སེམས་བདེ་ཐང་ཡོང་བ་དང་། བློ་སྟོབས་སྦྱོང་བརྡར། འཇོན་ཐང་འཕེལ་རྒྱས། གཤིས་རྒྱུད་བཟང་པོ་སྐྱེད་སྲིང་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་ནག་ཆུ་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་གསུངས་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博